《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月17日

ཟླ་དང་པོ་དང་གཉིས་པར་རང་ལྗོངས་ཀྱི་དྲ་ཐོག་བཟའ་བཏུང་ཚོང་ཁང་འཛུགས་ཚད་རྒྱལ་ཡོངས་ཀྱི་ཨང་གསུམ་པར་སླེབས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་15ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། གསར་འགོར་པར་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་དང་པོ་དང་གཉིས་པར་ལྗོངས་ཡོངས་ཀྱི་དྲ་ཐོག་ཚོང་ཁང་འཛུགས་ཚད་ཁྲི་0.6ཟིན་པ་དང་དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་8.1ཟིན་ཏེ། ལས་གཉེར་མི་སྣ་ཁྲི་0.9ལ་སྐུལ་ཁྲིད་ཐུབ་པའི་ནང་དྲ་ཐོག་བཟའ་བཏུང་ཚོང་ཁང་འཛུགས་ཚད་66.0%ཟིན་ནས་རྒྱལ་ཡོངས་ཀྱི་ཨང་གསུམ་པར་སླེབས་ཡོད།

རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ལྗོངས་ཡོངས་ཀྱི་འཛད་སྤྱོད་ཁྲོམ་ར་སྤྱི་ཡོངས་ལ་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཀྱིས་ཤུགས་རྐྱེན་ཐེབས་པ་དང་། དྲ་ཐོག་ཚོང་དོན་དེ་གྲོང་མིའི་འཛད་སྤྱོད་ཐབས་ལམ་གཙོ་བོ་ཞིག་ཡིན་པའི་ངོས་ནས་དྲ་ཐོག་ནས་ཐུག་འཕྲད་མེད་པའི་ཉོ་ཚོང་དང་། དྲ་ཕྱི་ནས་འབྲེལ་ཐུག་མེད་པའི་མངགས་སྐྱེལ་གྱི་ལེགས་ཆ་མཁོ་འདོན་གང་ལེགས་བྱས་ཏེ། དམངས་འཚོ་འགན་ལེན་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་བཏོན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།