《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月17日

རང་ལྗོངས་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཀྱིས་ཁྲིམས་ལྟར་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབས་པ།

“སྤྲིན་ཚོགས་ཁྲིམས་རས”དྲ་ཐོག་ནས་འདུམ་འགྲིག་དང་འདྲི་གཅོད་ལས་དོན་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་15ཉིན་གནས་ཚུལ་འབྱོར་གསལ། ཉེ་དུས་ལྗོངས་ཡོངས་ཀྱི་རིམ་ཁག་ཁྲིམས་ཁང་གིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དམ་འཛིན་དང་། ཕྱོགས་གཞན་ཞིག་ནས་འདྲི་གཅོད་ཁྲིམས་འཛིན་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས“སྤྲིན་ཚོགས་ཁྲིམས་ར”ལག་བསྟར་བྱས་ཏེ། སྐད་འཕྲིན་གྱི་བྱ་རིམ་ཆུང་ངུ་བརྒྱུད། དྲ་ཐོག་ནས་གྱོད་གཞི་ཐོ་བཀོད་སོགས་བྱེད་ཐབས་ནུས་ལྡན་སྤྱད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་བདེ་བླག་སྤེལ་ཆེད་བདེ་འཇགས་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་བསྐྲུན་ཡོད།

“འདུ་འཛོམས་མི་བྱེད་པ”དང“ངོ་ཐུག་མི་བྱེད་པའི”རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམིགས་བསལ་དུས་སྐབས་སུ“སྤྲིན་ཚོགས་ཁྲིམས་རའི”ནུས་པ་དེ་བས་འདོན་སྤེལ་བྱས་ཤིང་། ལྗོངས་ཡོངས་ཀྱི་རིམ་ཁག་ཁྲིམས་ཁང་གིས“སྤྲིན་ཚོགས་ཁྲིམས་ར”བརྒྱུད་དྲ་ཐོག་ནས་ཕྱོགས་གཉིས་པོའི་དོ་བདག་དང་འབྲེལ་བ་བྱེད་པ་དང་འབྲེལ། དྲ་བའི་བརྙན་ལམ་བརྒྱུད། དྲ་ཐོག་ནས་འདུམ་འགྲིག་དང་དྲ་ཐོག་ནས་འདྲི་གཅོད་བྱས་པར་བརྟེན། དོ་བདག་ཕྱིར་བསྐྱོད་མི་དགོས་པར་ཁྲིམས་ཁང་གི་འདུམ་འགྲིག་ལས་དོན་དང་གྱོད་གཞི་འདྲི་རྩད་ལས་དོན་ནང་ཞུགས་རྒྱུའི་སྟབས་བདེ་བསྐྲུན་ཡོད།

“དོན་དངོས་ཁ་གསལ་ལ་དཔང་རྟགས་ཆ་ཚང་བ། ཞུ་སྦྱོར་ཕྱི་མས་ནག་ཉེས་ཁས་ལེན་དང་ཁྲིམས་ཆད་དང་ལེན་བྱེད་པ་སོགས་ཀྱི་རིམས་ནད་དང་འབྲེལ་བའི་གྱོད་གཞི་དྲ་ཐོག་བརྒྱུད་འདྲི་གཅོད་བྱས་པས། གྱོད་སྒྲུབ་དུས་ཚོད་ཐུང་དུ་དང་གྱོད་སྒྲུབ་ཀྱི་སྤུས་ཚད་ལེགས་སུ་ཕྱིན་ཡོད། དེར་བརྟེན། ང་ཚོའི་ཁྲིམས་དཔོན་དང་ལྷག་པར་དུ་གཞི་རིམ་ཁྲིམས་ཁང་གི་ཁྲིམས་དཔོན་ཚང་མས་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་པ་མ་ཟད། གྱོད་སྒྲུབ་དང་ཁྲིམས་ལུགས་ཁྱབ་གདལ་བཏང་བ་དང་ཆབས་ཅིག་རིམས་ནད་སྔོན་འགོག་ཚོད་འཛིན་དང་འདྲི་གཅོད་ལག་བསྟར་ལས་དོན་ཡག་པོ་བསྒྲུབས་ཡོད”ཅེས་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཉེས་དོན་འདྲི་གཅོད་ཁྲིམས་ཁང་དང་པོའི་དིང་ཀྲང་གཞོན་པ་སྐལ་བཟང་དབང་མོས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས《ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཉེས་དོན་འདྲི་གཅོད་ལས་དོན་ལག་དེབ》བཟོས་པའི་ནང་། མིག་སྔའི་རིམས་ནད་དང་འབྲེལ་བའི་ཉེས་དོན་གྱོད་གཞི་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ལ་འགོག་རྐྱེན་བཟོ་བ་དང་། སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བཤིག་གཏོང་བའི་གྱོད་གཞི། ནང་སའི་དཔེ་མཚོན་གྱོད་གཞི། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་འཛིན་འགྲེལ་བཤད། མཛུབ་ཁྲིད་རང་བཞིན་གྱི་བསམ་འཆར་སོགས་བཀོད་ནས། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་བཅའ་ཁྲིམས་ཁྲིམས་སྲོལ་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། འདྲི་གཅོད་ཀྱི་ནུས་པ་ཆེ་རུ་གཏོང་བ། ཁྲིམས་ལྟར་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་བཅས་ལ་མཛུབ་ཁྲིད་ཐུབ་སྟེ། མི་དམངས་མང་ཚོགས་ཀྱི་གཟུགས་པོ་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱས་ཡོད།