《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月17日

རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་རིན་གོང་ལྟ་ཞིབ་ཚད་ལྡན་ལྟེ་གནས་ཀྱིས་བརྗོད་དོན།

དཔྱིད་གསར་དུས་ཆེན་ནས་ད་བར་རང་ལྗོངས་ཀྱི་ཁྲོམ་ར་ གཞི་རྩའི་ཆར་བརྟན་པོ་ཡོད་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་15ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་དུ། གསར་འགོད་པར་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་རིན་གོང་ལྟ་ཞིབ་ཚད་ལེན་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། དུས་ཆེན་རིང་གི་གཅིག་སྡུད་འཛད་སྤྱོད་དང་རིམས་ནད་ཀྱི་ཤུགས་རྐྱེན་འོག་མིག་སྔར་རང་ལྗོངས་ཀྱིས་གཙོ་གནད་དུ་ལྟ་ཞིབ་ཚད་ལེན་བྱས་པའི་འབྲུ་སྣུམ་དང་། ཞོར་ཟས། སྔོ་ཚལ་སོགས་སྣ་ཁ་38ཀྱི་རིན་གོང་དཔྱིད་གསར་དུས་ཆེན་གོང་དང་བསྡུར་ན་ཆ་སྙོམས་2.3%འཕར་ཡོད་པ་དང་། རིན་གོང་གཞི་རྩའི་ཆར་བརྟན་པོ་ཡོད་པ་རེད། གཙོ་གནད་དུ་ལྟ་ཞིབ་ཚད་ལེན་བྱས་པའི་ཨར་འདམ་དང་། ངར་ལྕགས་རྒྱུ་ཆ་སོགས་འཛུགས་སྐྲུན་རྒྱུ་ཆ་གཙོ་བོའི་སྣ་ཁ་53གྱི་རིན་གོང་དཔྱིད་གསར་དུས་ཆེན་གོང་དང་བསྡུར་ན་ཅུང་བརྟན་པོ་ཡིན་ལ། གཙོ་གནད་ལྟ་ཞིབ་ཚད་ལེན་བྱས་པའི་སྨན་སྤྱོད་ཁ་རས་དང་། ནད་དུག་སྔོན་འགོག་གི་སྨན། དུག་སེལ་སྨན་རྫས་སོགས་སྨན་སྤྱོད་དངོས་ཟོག་ཁ་ཤས་འཚོང་མཚམས་ཆད་པ་ཕུད། ཕྱིར་ཚོང་རིན་གོང་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་རེད།

ཐེངས་འདིའི་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁྲོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་རིན་གོང་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་སྒོ་རྩིས་ཚོང་ཁང་ཆེ་གྲས་དང་། ཞིང་ཞོར་ཐོན་ཟོག་ཁྲོམ་ར། སྨན་རྫས་ཚོང་ཁང་སོགས་སུ་བསྐྱོད་ནས་ཕྱོགས་ཡོངས་ནས་ཁྲོམ་རའི་རིན་གོང་ལ་ཉིན་ལྟར་ལྟ་ཞིབ་ཚད་ལེན་དང་ཉིན་རེའི་སྙན་སེང་ལམ་ལུགས་མཐའ་འཁྱོངས་བྱས་ཤིང་། མང་ཚོགས་ཀྱི་འཚོ་བའི་མཁོ་ཆས་དང་རིམས་ནད་དང་འབྲེལ་ཡོད་ཀྱི་སྨན་སྤྱོད་དངོས་ཟོག་སོགས་ཀྱི་ཁྲོམ་རའི་མཁོ་སྤྲོད་དང་རིན་གོང་སྐོར་ལ་བརྟག་དཔྱད་བྱས་པ་དང་། ཚོང་ཟོག་གལ་ཆེན་གྱི་ཁྲོམ་རའི་མཁོ་སྤྲོད་དང་རིན་གོང་ཆ་འཕྲིན་ཡོངས་བསྒྲགས་བྱས་ཏེ་ལྟ་ཞིབ་ཚད་ལེན་གྱི་ཉེན་བརྡའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། (དབང་སྒྲོལ་སྐྱིད་ཀྱིས་བསྒྱུར། དོན་གྲུབ་ཀྱིས་ཞུས)