《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月17日

དཔྱིད་རྨོད་ཀྱི་རྫས་ལུད་འདང་ངེས་ཡོད་ལ་རིན་གོང་ཁེ་པོ་ཡོད་པ།

དཔྱིད་རྨོད་དཔྱིད་འདེབས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་ཆེད། རང་ལྗོངས་ཀྱིས་རྫས་ལུད་སོགས་ཞིང་སྤྱོད་རྒྱུ་ཆ་མཁོ་སྤྲོད་འགན་ལེན་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཐུན་སྦྱོར་ཧུར་ཐག་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཞིང་འབྲོག་ཐོན་ལས་མ་འཇོག་ཚོགས་པའི་རྫས་ལུད་མཛོད་ཁང་དུ་ད་ཆ་རྫས་ལུད་ཏུན་ཁྲི་2ལྷག་ཙམ་ཉར་ཚགས་བྱས་ཡོད། ཟླ་3ཚེས་3ཉིན་ཁྱོན་ཏུན་4113གཤམ་སྤྲོད་བྱས་པ་དེས་ལོ་ཧྲིལ་པོའི་དཔྱིད་འདེབས་འཆར་གཞིའི་10.96%བཟུང་ཡོད། ཚོགས་པའི་འགན་ཁུར་བས་ངོ་སྤྲོད་བྱས་པར། སྲིད་གཞུང་གིས་རྫས་ལུད་ཏུན་རེར་སྒོར་2030བྱས་ནས་ཉོས་པ་དང་། ཞིང་འབྲོག་མང་ཚོགས་ཀྱིས་ཞིང་འཕྲུལ་ཞིང་སྤྱོད་རྒྱུ་ཆའི་ཁ་གསབ་རོགས་དངུལ་ལོངས་སྤྱོད་བྱས་རྗེས་ཏུན་རེར་སྒོར་1130བྱས་ནས་ཉོས་ཆོག་ཅེས་བཤད།

འདི་ནི་བོད་ལྗོངས་ཞིང་འབྲོག་ཐོན་ལས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིའི་མཛོད་ཁང་ནང་བཟོ་པ་ཚོས་རྫས་ལུད་དབོར་བཞིན་པ།