《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月17日

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བོད་ལྗོངས་བདུད་རྩི་རྟགས་ཅན་བོད་སྨན་མ་རྐང་ཚད་ཡོད་ཀུང་སིར་བརྟག་ཞིབ་གནང་བར་ཕེབས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་15ཉིན་གནས་ཚུལ་འབྱོར་གསལ། ཚེས་15ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་གྱིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་བོད་ལྗོངས་བདུད་རྩི་རྟགས་ཅན་བོད་སྨན་མ་རྐང་ཚད་ཡོད་ཀུང་སིར་ཕེབས་ནས་ས་གནས་ས་ཐོག་ཏུ་ཁ་རས་ཐོན་སྐྱེད་འཁོར་ཁང་གི་འཛུགས་སྐྲུན་འཕེལ་རིམ་ལ་གཟིགས་ཞིབ་གནང་བ་དང་། མ་བཅོས་རྒྱུ་ཆ་མཁོ་སྤྲོད་དང་ཁེ་ལས་ཀྱིས་ཐག་གཅོད་བྱེད་དགོས་པའི་གནད་དོན་སོགས་གནས་ཚུལ་ལ་ཤེས་རྟོགས་གནང་བ་རེད།

བརྟག་ཞིབ་ཚོགས་ཆུང་གིས་ནན་བཤད་གནང་དོན། ཏོག་གསར་གློ་ཚད་རྒྱུན་མཐུད་ལེགས་ཕྱོགས་སུ་འགྲོ་བ་དང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་བྱེད་བཞིན་པའི་འགག་རྩའི་དུས་མཚམས་སུ་ལྗོངས་ཡོངས་སུ་སྨན་སྤྱོད་ཁ་རས་སྔར་བཞིན་དགོས་མཁོ་ཆེན་པོ་ཡོད་པས། འབྲེལ་ཡོད་སྡེ་ཚན་གྱིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་སྲ་བརྟན་དུ་བཏང་ནས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འཐབ་ཇུས་བཀོད་སྒྲིག་གཞིར་འཛིན་པ་དང་། བོད་ཀྱི་དམིགས་བསལ་གནས་ཚུལ་ནས་འགོ་བཙུགས་ཏེ་མཐུན་སྦྱོར་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་ལ་མིག་སྔའི་མ་བཅོས་རྒྱུ་ཆ་མཁོ་སྤྲོད་དང་སྐྱེལ་འདྲེན་མ་གནས་མཐོ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱེད་དགོས།