《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月17日

2020ལོའི་ལྗོངས་ཡོངས་ཀྱི་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་15ཉིན་གནས་ཚུལ་འབྱོར་གསལ། ཚེས་15ཉིན་2020ལོའི་ལྗོངས་ཡོངས་ཀྱི་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཏེ། ཙུང་ལི་ལི་ཁེ་ཆང་དང་། ཙུང་ལི་གཞོན་པ་ཧན་ཀྲེང་། ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་བཅས་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་2019ལོ་འཁོར་གྱི་འབྲུ་རིགས་གྲབས་གསོག་དང་དོ་དམ་གྱི་སྔོན་ཐོན་ཚན་པ་དང་འབྲུ་འཚོང་དུད་ཆེན་ལ་གཟེངས་བསྟོད་བྱས་པ་དང་ཆབས་ཅིག 2019ལོའི་ལས་དོན་ཕྱོགས་སྡོམ་བྱས་ཏེ་2020ལོའི་ལས་འགན་བཀོད་སྒྲིག་བྱས་པ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་ནན་བཤད་གནང་དོན། འབྲུ་སྣུམ་སྤུས་ཚད་མཐོ་བའི་མཁོ་སྤྲོད་དང་དངོས་ཟོག་ནུས་ཆེའི་འཕྲལ་སྡོམ་འགན་ལེན་བྱ་རྒྱུ་ཤུགས་རྒྱག་སར་བྱས་ནས། གྲབས་གསོག་བདེ་འཇགས་ཀྱི་ལྟེ་བའི་འགན་ནུས་ལག་བསྟར་ཏན་ཏིག་བྱེད་པ་དང་། ཀྲུང་དབྱང་གི་ཡིག་ཆ་ཨང་48པ་ལག་བསྟར་བྱ་རྒྱུ་འགོ་འཛུགས་ས་གསར་པར་བྱས་ནས་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་གི་བཅོས་སྐྱོང་ནུས་པ་དང་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ། ཞན་ཆ་སེལ་རྒྱུ་དམིགས་ཚད་དུ་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཟོ་བ་དང་རྣམ་གྲངས་འཛུགས་སྐྲུན་དམ་འཛིན་ནན་པོ་བྱེད་པ། འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་དང་འབྲུ་རིགས་ཧྲེང་ཀྲང་གི་འགན་འཁྲི་ལམ་ལུགས་ཞིབ་དཔྱད་གཏིང་ཟབ་བྱེད་པ། ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱེད་སར་བྱེད་པ་བཅས་བྱས་ནས་གྲབས་གསོག་བདེ་འཇགས་ཀྱི་འགན་ལེན་མ་ལག་མགྱོགས་མྱུར་འཛུགས་པ། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བྱ་རྒྱུ་འགན་ལེན་དུ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་དགོས་པ་བཅས་རེད།