《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月17日

རང་ལྗོངས་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱིས“དམངས་ཕན་ཁྲལ་སྒྲུབ་ཀྱི་དཔྱིད་རླུང་བྱ་སྤྱོད”སྤེལ་འགོ་ཚུགས་པ།

དོན་ཚན་24དང་བྱེད་ཐབས་83བཏོན་ནས་ཁེ་ ལས་ལ་དཀའ་ངལ་སེལ་རོགས་བྱེད་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་13ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྗོངས་ཡོངས་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱིས“རིམས་ནད་འགོག་རྒོལ་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་ཞབས་འདེགས་ཞུ་རྒྱུ”བརྗོད་དོན་གཙོ་བོར་བྱས་པའི་2020ལོའི“དམངས་ཕན་ཁྲལ་གཉེར་གྱི་དཔྱིད་རླུང་བྱ་སྤྱོད”སྤེལ་འགོ་ཚུགས་ཏེ། དོན་ཚན་24དང་བྱེད་ཐབས་83བཏོན་ནས་ཁེ་ལས་ལ་དཀའ་ངལ་སེལ་རོཌ་དང་། ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུཌ་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད། ཁྲལ་བསྡུའི་ཚོང་གཉེར་ཁོར་ཡུག་ལེགས་སུ་བཅས་བཏང་ཡོད། (པར་ངོས་བཞི་པར་གཟིགས)




(པར་ངོས་དང་པོར་མཐུད) ཤེས་རྟོགས་བྱུང་བར་གཞིགས་ན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་ཆེད། ལྗོངས་ཁྲལ་དོན་ཁོངས་གཏོགས་ཀྱིས་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པའི་དཀའ་ངལ་ཡོད་པའི་ལས་རིགས་ཁེ་ལས་དང་ལྷག་པར་དུ་དམངས་གཉེར་ཁེ་ལས་དང་། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས། ཁེར་རྐྱང་བཟོ་ཚོང་དུད་ཚང་བཅས་དཀའ་ངལ་ལས་སྒྲོལ་བར་རྒྱབ་སྐྱོར་བྱེད་པའི་ཁྲལ་བསྡུའི་སྲིད་ཇུས་དང་སྤྱི་ཚོགས་འགན་སྲུང་གི་འགྲོ་གྲོན་སྲིད་ཇུས་དོན་འཁྱོལ་བྱས་ཏེ། ཁེ་ལས་ཀྱི་ཐོན་ཚོང་སྦྲེལ་མཐུད་ལ་དབྱེ་ཞིབ་དང་གནད་སྨིན་རོགས་སྐྱོར་གྱི་ལས་དོན་སྤེལ་བ་དང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ཁེ་ལས་ལ་ཞབས་འདེགས་ཞུ་བའི་བྱེད་ཐབས་ཁག་10བཏོན་ནས“དངུལ་ཁང་དང་ཁྲལ་དོན་མཉམ་འགུལ”གཏིང་ཟབ་བྱེད་པ་དང་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ། གཞི་ཁྱོན་དེ་བས་ཆེ་བའི་ཁྲལ་གྲོན་གཉིས་གཅོག་གི་ཕན་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། བོད་ཀྱི་དཔལ་འབྱོར་གྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།