《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月17日

ལྷོ་ཁའི“དྲ་ཐོག”དང“དྲ་ཕྱི”ཕྱར་བ་གྲུ་འདེགས་ཀྱིས་རིམས་འགོག་ལ་སྣང་ཆེན་དང་ཡིད་ཆེས་བརྟན་པོ་འཛུགས་པ།

སྐད་འཕྲིན་ནས་སྒྲོག་འགྲེལ་བྱས་ཏེ་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས།

“ཏིང”ཞེས་པའི་སྒྲ་དང་བཅས་ལག་ཁྱེར་ཁ་པར་ཐོག་ནས་སྐད་འཕྲིན་སྒྲོག་འགྲེལ་གྱི་ཆ་འཕྲིན་འབྱོར་རྗེས་རྣམ་ཀུན་དང་འདྲ་བར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་བཀྲ་ཤིས་ཐོགས་མེད་སྡེ་ཁུལ་གྱི་མང་ཚོགས་མཚམས་སྒྲོལ་མས་ལམ་སེང་སློབ་སྦྱོང་བྱེད་བཞིན་ཡོད། “སྐད་འཕྲིན་སྒྲོག་འགྲེལ་བྱེད་པར་ཆ་འཕྲིན་མང་བ་དང་ཉེར་སྤྱོད་ནུས་པ་ཆེ་བས་ལག་ཁྱེར་ཁ་པར་བརྒྱུད་སློབ་སྦྱོང་བྱེད་ཐུབ་སྟབས་ཧ་ཅང་བདེ་པོ་འདུག་པས་ཚང་མས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག”ཅེས་མཚམས་སྒྲོལ་མས་བཤད་པ་དང“ལྷག་པར་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྐད་འཕྲིན་སྒྲོག་འགྲེལ་གྱི་ནང་དོན་སློབ་སྦྱོང་བྱས་རྗེས་ཚང་མས་གང་ཞིག་ལ་ཏོག་གསར་གློ་ཚད་ཟེར་བ་དང་དེ་སྔོན་འགོག་ཚོད་འཛིན་ཇི་ལྟར་བྱེད་དགོས་མིན་ཤེས་ཡོད”ཅེས་བཤད།

“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྐད་འཕྲིན་སྒྲོག་འགྲེལ་གྱི་བླང་བྱ་གཞིར་བཟུང་འབྲེལ་ཡོད་ནང་དོན་ཁག་སྐད་འཕྲིན་སྒྲོག་འགྲེལ་གྱི་སྐད་ལམ་བཟོས་རྗེས་སྡེ་ཁུལ་གྱི་སྐད་འཕྲིན་སྤྱི་རྟགས་ཐོག་བཏོན་ནས་མང་ཚོགས་སློབ་སྦྱོང་བྱ་རྒྱུར་མཁོ་འདོན་བྱ་རྒྱུ་དེ་ནི་བཀྲ་ཤིས་ཐོགས་མེད་སྡེ་ཁུལ་གྱི་གྲོང་གསེབ་དར་རྒྱས་ཀྱི་ཆེད་དོན་མི་སྣ་མཚམས་སྒྲོལ་མའི་ལས་འགན་གཙོ་བོ་རེད། ཁོང་གིས་གསར་འགོད་པར“སྐད་འཕྲིན་སྒྲོག་འགྲེལ་གྱི་སྐད་ལམ་བཟོ་སྐབས་དུས་ཚོད་མང་པོ་འགོར་ལ་སེམས་ནུས་ཆེན་པོ་འདོན་དགོས་མོད། འོན་ཀྱང་མང་ཚོགས་ཀྱིས་ཉན་པ་དང་ལྟ་རྒྱུར་མོས་པས་ངལ་དུབ་ཆེ་བའི་ཚོར་སྣང་མི་འདུག”ཅེས་བཤད།

“སྣང་ཆེན་བཞི་དང་དགའ་ཞེན་བཞི”དང་རིམས་ནད་སྔོན་འགོག་ཚོད་འཛིན་སོགས་འབྲེལ་ཡོད་ནང་དོན་སྐད་ལམ་ཆ་འཕྲིན་བཟོ་བ་ཕུད་ལྷོ་ཁ་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གིས་ད་དུང་བྱེད་སྟངས་གསར་གཏོད་དང་རྣམ་པ་ཕུན་སུམ་ཚོགས་སུ་བཏང་ནས“དྲ་ཐོག”དང“དྲ་ཕྱི”ཕྱར་བ་གྲུ་འདེགས་བྱས་ཏེ་སྐད་འཕྲིན་སྒྲོག་འགྲེལ་གྱི་མཐོ་རླབས་འཕྱུར་བ་དང་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ་དང་དུས་མཚུངས་མང་ཚོགས་ཀྱི་ཤེས་བྱའང་ཕུན་སུམ་ཚོགས་སུ་གཏོང་རོགས་བྱས་ཡོད།

ལྷོ་བྲག་རྫོང་གིས་སྐད་འཕྲིན་སྒྲོག་འགྲེལ་གྱི་ནང་དོན་གཞས་མ་གཏམ་དང་བཅར་གླེང་སོགས་བཟོས་ཏེ“སྦས་ཡུལ་ལྷོ་བྲག”གི་སྐད་འཕྲིན་སྤྱི་རྟགས་དང་འཁྱུག་དབྱིངས་སོགས་ལས་སྟེགས་ཐོག་བཏོན་ཏེ་མང་ཚོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཏང་གི་སྲིད་ཇུས་སློབ་སྦྱོང་བྱེད་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགུལ་རྣམ་ཤེས་རྟོགས་བྱ་རྒྱུར་སྟབས་བདེ་བསྐྲུན་ཐོག་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་ཀྱི་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་མང་ཚོགས་ཀྱི་གདེང་ཚོད་དང་ཆོད་སེམས་ཆེ་རུ་བཏང་བ་རེད།

(པར་ངོས་བཞི་པར་གཟིགས)




(པར་ངོས་དང་པོར་མཐུད) “དྲ་ཐོག”དྲིལ་བསྒྲགས་བྱེད་པ་དང་དུས་མཚུངས་ལྷོ་བྲག་རྫོང་སྲས་ཤང་ཆོས་གཞིས་གྲོང་ཚོའི་ཆོས་གཞིས་ཀྱི་ཟླ་རེའི་དྲིལ་བསྒྲགས་སྦྱར་ཡིག་གིས་ཀྱང་ནུས་པ་ཡག་པོ་ཐོན་ཞིང་། གྲོང་ཚོ་དེས་ཕ་ཡུལ་དུ་ལོག་མཁན་སློབ་གྲྭ་ཆེ་མོ་བའི་ནུས་པ་གང་ལེགས་བཏོན་ཏེ་ཕ་ཡུལ་དུ་ལོག་མཁན་སློབ་ཆེན་སློབ་མ་15སྒྲིག་འཛུགས་བྱས་ཏེ་སྒྲོག་འགྲེལ་དང་བླངས་རུ་ཁག་བཙུགས་པ་དང་དྲིལ་བསྒྲགས་སྦྱར་ཡིག་བཟོས་ནས་གྲོང་ཚོ་དང་དུད་ཚང་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་སྒྲོག་འགྲེལ་བྱས་པ་རེད།

ཆོས་གཞིས་གྲོང་ཚོའི་མང་ཚོགས་བཀྲ་ཤིས་རྡོ་རྗེས“ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བརྒྱུད། ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བཤད།

སྐད་འཕྲིན་ཐོག་སྒྲོག་འགྲེལ་བྱས་ཏེ་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ཤིང་། སྐད་འཕྲིན་ཐོག་སྒྲོག་འགྲེལ་བྱས་ཚུན་ལྷོ་ཁ་གྲོང་ཁྱེར་གྱི་རྒྱ་ཆེའི་གྲོང་ཚོ(གྲོང་ལྷན)གྱི་ལས་བྱེད་པ་དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་བས་སྐད་འཕྲིན་སྒྲོག་འགྲེལ་སྒྲིག་འཛུགས་དང་དེར་ཞུགས་པ་བརྒྱུད་རང་ངོས་ལ་སྦྱོང་བརྡར་ཐེབས་པ་དང་གཞི་རིམ་གྱི་དམག་འཐབ་མཁར་རྫོང་སྟོབས་ཆེན་བསྐྲུན་ཡོད། “སྐད་འཕྲིན་ཐོག་ནས་སྒྲོག་འགྲེལ་ལས་དོན་སྤེལ་རྗེས་རྒྱ་ཆེའི་མང་ཚོགས་ཀྱིས་རང་འགུལ་ངང་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རྒྱབ་སྐྱོར་བྱ་ཆེད་དུས་ཐུང་ནང་ཞལ་འདེབས་སྒོར་ཁྲི་12བསགས་ཐུབ་ཡོད། མ་གཞི་དངུལ་དེ་ཙམ་མང་པོ་མེད་མོད། འོན་ཀྱང་མང་ཚོགས་ཀྱི་བསམ་པའི་མཚོན་བྱེད་ཡིན་པས་རྒྱ་ཆེའི་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་དྲན་པ་དང་། སྲོག་ཤིང་ལ་དགའ་ཞེན། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་བསམ་པའི་ཉམས་འགྱུར་མཚོན་ཡོད”ཅེས་ལྷོ་བྲག་རྫོང་ལྷ་ཁང་གྲོང་རྡལ་ལྷ་ཁང་སྡེ་ཁུལ་གྱི་ཚོགས་ཆུང་དང་པོའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསམ་གྲུབ་ཀྱིས་བཤད་པ་རེད།

(བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་དང་ཚེ་ཁོས་ཞུས)