《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月11日

“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་མི་སྣ་743གྱི་ལང་ཚོ་ལས་རིམས་འགོག་གི་འཐབ་ས་དང་པོར་བཀྲག་མདངས་འཚེར་བཞིན་པ།

མེས་རྒྱལ་ནུབ་རྒྱུད་མཐའ་མཚམས་ཀྱི་བརྗིད་ཆགས་ཡིད་དུ་འོང་བའི་གངས་ལྗོངས་ས་མཐོར། ཡན་ལག་རུ་ཁག་ཆུང་གྲས་ཤིག་ཡོད་པ་དང་། ཁོང་ཚོར་སྒྲིག་ཁོངས་མེད་ཀྱང་རང་འགུལ་ངང་གཞི་རིམ་གྱི་འཐབ་ས་དང་པོར་ཞབས་འདེགས་ཞུ་བཞིན་ཡོད། ཁོང་ཚོར་ལས་བྱེད་པའི་ཐོབ་ཐང་མེད་ཀྱང་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་བྱས་ཏེ་ཞབས་ཞུའི་འགན་འཁྲི་ཧུར་ཐག་ངང་སྒྲུབ་བཞིན་ཡོད། ཁོང་ཚོ་ནི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཡན་གྱི་གྲོང་གསེབ་དང་འབྲོག་ཁུལ་དུ་ཞབས་འདེགས་ཞུ་མཁན་དང་། རང་ལྗོངས་ཀྱི་གཞི་རིམ་གྱི་རིམས་འགོག་གི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་མི་སྣ་743ཡོད་པ་དེ་རེད།

2018ལོར་སྐལ་བཟང་ཆོས་སྒྲོན་བོད་ཀྱི“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་དཔུང་ཁག་ནང་ཞུགས་ཡོད། རིམས་ནད་ཐོན་རྗེས་ཁོང་གིས་སྔར་བཞིན་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ནང་ཞུགས་ཏེ་རང་འགུལ་ངང་རྒྱ་ཚ་རྫོང་གི་སྨན་བཅོས་སྔོན་འགོག་ཚོད་འཛིན་གྱི་ཚོགས་ཆུང་ནང་ཞུགས་རྒྱུའི་རེ་འདུན་ཞུ་ཡིག་ཕུལ་ཡོད། ཁོང་དང་ལས་རོགས་ཚོ་རྒྱ་ཚ་རྫོང་གི་ཤང་དང་གྲོང་རྡལ་7དུ་བསྐྱོད་ནས་ལས་དོན་སྤེལ་བ་དང་། ཁྱོན་ལམ་ཐག་སྤྱི་ལེ་600ལྷག་ཙམ་བསྐྱོད་ཡོད། ཧུའུ་པེ་ནས་བོད་དུ་ཕྱིར་ལོག་མ་ཐག་པའི་སློབ་མ་དང་དེ་བཞིན་ས་ཆ་གཞན་དག་ནས་བོད་དུ་ཕྱིར་ལོག་པའི་མི་སྣའི་གནས་ཚུལ་བརྟག་དཔྱད་དང་། ཚ་བ་ལྟ་བ། གནས་ཚུལ་ཁོང་དུ་ཆུད་པར་བྱེད་པ། གྲངས་གཞི་དཔྱད་ཞིབ་བཅས་བྱེད་པ་དང་འབྲེལ།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ལྗོངས་ཡོངས་ཀྱི་ཏོག་གསར་གློ་ཚད་ཕོག་པའི་གཏན་འཁེལ་བའི་ནད་པ་ཐོག་མ(ཀྲང་ཆེ་གེ་མོ)དང་འཁོར་སྒྲོམ་གཅིག་ནང་བོད་དུ་ཡོང་བའི་མི་སྣ(རིན་ཆེ་གེ་མོ)དང་འབྲེལ་བ་དམ་ཟབ་བྱེད་མྱོང་བའི་མི་19ལ་བརྟག་དཔྱད་རྗེས་སྙེག་བྱས་ནས་གནས་ཚུལ་ཁོང་དུ་ཆུད་པར་བྱས་ཡོད།

ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་ཚུན། སྐལ་བཟང་ཆོས་སྒྲོན་དང་འདྲ་བའི་རང་ལྗོངས་ཀྱི“རྒྱབ་སྐྱོར་གསུམ་དང་འདེགས་སྐྱོར་གཅིག”གི་མི་སྣ་གཞན་དག་གིས་ཀྱང་ཤང་དང་གྲོང་རྡལ་དང་། གྲོང་ཚོ(གྲོང་ལྷན) འཕྲོད་བསྟེན་ཁང་། འགྲོ་ལམ་ཞིབ་བཤེར་ས་ཚིགས། ཞིང་འབྲོག་པའི་སྡོད་གནས་སོགས་ཀྱི་འགོག་རགས་ཁག་ཏུ་ལས་གནས་བརྟན་སྲུང་བྱེད་བཞིན་ཡོད་པས། ཁོང་ཚོ་ནི་ཞུམ་པ་མེད་པའི་དཔའ་བོ་དང་། འགྲོ་སྐྱོད་དྲིལ་བསྒྲགས་པ། སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་ཞིབ་བཤེར་མཁན་བཅས་ཤ་སྟག་རེད།

“ཁ་རས་རྒྱག་པ་དང་། ལག་པ་ཡང་སེ་འཁྲུ་བ། ཕྱིར་ཉུང་ཙམ་འགྲོ་བ། དངངས་སྐྲག་མི་བྱེད་པ། དཀྲོག་གཏམ་བརྒྱུད་སྒྲོག་མི་བྱེད་པ་སོགས་བྱེད་དགོས”ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་སྨན་གླིང་གྲོང་རྡལ་སྨན་གླིང་གྲོང་ཚོའི་གྲོང་མི་ཕུར་བུ་དབང་མོའི་ལས་ཀ་ནི་རྒྱང་བསྒྲགས་ནང་མང་ཚོགས་ལ་དྲིལ་བསྒྲགས་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་འགྲེལ་བཤད་རྒྱག་པ་དེ་ཡིན་པས་འགྲོ་སྐྱོད་དྲིལ་བསྒྲགས་པ་ཞིག་ཏུ་གྱུར་ཡོད།

འབྲོང་པ་རྫོང་ཆོས་འཁོར་ཤང་གཉའ་ལོ་གྲོང་ཚོའི་བསྟན་འཛིན་རྣམ་རྒྱལ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས། གྲོང་མིར་ཏོག་གསར་གློ་ཚད་ཕོག་རྐྱེན་དང་འབྱུང་རྐྱེན་དང་། མཆེད་ལམ། སྔོན་འགོག་ཚོད་འཛིན་གྱི་གཞི་རྩའི་བྱ་ཐབས་སོགས་ཀྱི་ཤེས་བྱ་སྒྲོག་སྦྱངས་བྱེད་པ་དང་། ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་དང་མི་སྣར་ཞིབ་བཤེར་དང་། དུག་སེལ། ཐོ་འགོད་བཅས་བྱེད་ཀྱི་ཡོད་པས་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་ཞིབ་བཤེར་མཁན་ཞིག་ཏུ་གྱུར་ཡོད།

དུ་བ་མེད་པའི་དམག་འཐབ་དེའི་ཁྲོད“རྒྱབ་སྐྱོར་གསུམ་དང་འདེགས་སྐྱོར་གཅིག”གི་ལོ་ན་གཞོན་པའི་དཔུང་ཁག་དེས་དཔའ་ངར་ཆེར་བསྐྱེད་ངང་མདུན་དུ་སྐྱོད་པ་དང་བློ་ཁོག་ཆེན་པོས་འགན་འཁྲི་ཕྲག་ཐོག་ཏུ་འཁུར་ནས་གྲོང་ཚོ(གྲོང་ལྷན)དང་། ཞིང་འབྲོག་པའི་སྡོད་གནས། གྲོང་གསེབ་ཀྱི་འགྲོ་ལམ་ཞིབ་བཤེར་ས་ཚིགས་སོགས་འགོག་རགས་ཁག་ཏུ་ལས་ཀར་གཞོལ་བཞིན་ཡོད། ཁོང་ཚོས་མང་ཚོགས་ཀྱི་བདེ་ཐང་དང་བདེ་འཇགས་ཀྱི“མཐའ་མའི་འགག་གནད”བསྲུངས་ནས་བྱ་སྤྱོད་ངོ་མར་བརྟེན་ནས་དེང་རབས་གཞོན་ནུའི་ལང་ཚོ་མངོན་པར་བྱས་ཡོད།

(བསོད་ནམས་དཔའ་མོས་བསྒྱུར། བདེ་སྒྲོལ་གྱིས་ཞུས)