《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月10日

ཕྱོགས་ཡོངས་ནས་འཐབ་ས་དང་པོའི་སྨན་དོན་མི་སྣར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་དགོས།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་8ཉིན་གནས་ཚུལ་འབྱོར་གསལ། གསར་འགོད་པར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་སྨན་དོན་མི་སྣར་ཐུགས་ཁུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། ཞབས་འདེགས་ཡག་པོ་ཞུ་བ་བཅས་བྱ་ཆེད། རང་

ལྗོངས་ཀྱིས་འགན་སྲུང་བྱེད་ཐབས་ནུས་ལྡན་བཏོན་ནས་འཐབ་ས་དང་པོའི་སྨན་དོན་མི་སྣར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ་རེད།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་ལས་སྒྲུབ་མི་སྣའི་ཁེ་ཕན་དང་ཐོབ་ཐང་དོན་འཁྱོལ་བྱེད་དགོས། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཡིག་ཆའི་གཏན་འབེབས་གཞིར་བཟུང་རིམས་ནད་འགོག་བཅོས་ནང་ཞུགས་མཁན་སྨན་དོན་མི་སྣར་དུས་ཐོག་ཏུ་གནས་སྐབས་རང་བཞིན་གྱི་ལས་ཀའི་ཁ་གསབ་སྤྲོད་དགོས། དེ་དང་དུས་མཚུངས་སླད་ཕྱིན་འཐབ་ས་དང་པོའི་སྨན་དོན་མི་སྣ་སློབ་རྒྱུས་

དང་སློབ་གནས་མུ་མཐུད་མཐོ་རུ་གཏོང་བ་དང་། ལས་བྲལ་གྱིས་གསོ་སྦྱོང་སློབ་སྦྱོང་བྱེད་པ། སྤེལ་རེས་ཟབ་སྦྱོང་བཅས་བྱེད་སྐབས་སྔོན་དུ་བཀོད་སྒྲིག་བྱེད་དགོས།

སྲིད་ཇུས་ཐད་ནས་སྐུལ་ལྕག་བྱེད་ཤུགས་ཆེ་རུ་བཏང་སྟེ་གོ་མིང་དཔྱད་བསྡུར་དང་གདན་ཞུས་སོགས་ཀྱི་རྒྱབ་སྐྱོར་བྱེད་ཐབས་དོན་འཁྱོལ་བྱེད་དགོས། རིམས་ནད་འགོག་བཅོས་ནང་ཞུགས་མཁན་འཐབ་ས་དང་པོའི་སྨན་དོན་མི་སྣའི་རེ་ཞུ་སྔོན་ལ་བཀོད་སྒྲིག་དང་། དཔྱད་བསྡུར་ནང་སྔོན་ལ་ཞུགས་སུ་འཇུག་པ། སྔོན་ལ་གདན་ཞུས་ལས་བསྐོས་བཅས་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་ནང་ཞུགས་མྱོང་ཡོད་ཚེ་

ལོ་གཅིག་རིང་གཞི་རིམ་དུ་ལས་ཀ་བྱས་མྱོང་བར་བརྩིས་ནས་གོ་མིང་མཐོ་རུ་གཏོང་སྐབས་ཚན་པ་དེ་རང་དང་སྡེ་ཚན་དེ་རང་གི་ལས་གནས་ཀྱི་གྲུབ་ཆའི་བསྡུར་ཚད་ཀྱི་ཚད་བཀག་ཐེབས་ཀྱི་མེད། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་དམིགས་བསལ་ལེགས་སྐྱེས་འབུལ་མཁན་གྱི་སྨན་དོན་མི་སྣ་སྔོན་ལ་མཐོ་རིམ་ཤེས་ལྡན་མི་སྣ་དང་དམིགས་བསལ་གསོ་སྐྱོང་བར་འོས་སྦྱོར་དང་། ཚན་རྩལ་རྣམ་གྲངས་དང་ཚན་ཞིབ་དཔྱད་གཞི་རེ་ཞུ་བྱེད་སྐབས་སྔོན་ལ་ཐོ་འགོད་རྒྱབ་སྐྱོར་བྱེད་རྒྱུ་རེད།

སྨན་དོན་མི་སྣའི་གཟུགས་གཞི་དང་སེམས་ཁམས་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱེད་དགོས། སྨན་དོན་མི་སྣ་སྒེར་གྱིས་འགོག་སྲུང་ཡག་པོ་བྱེད་དགོས་པ་དང་། འཐབ་ས་དང་པོའི་སྨན་དོན་མི་སྣ་དང་ལྷག་དོན་དུ་གནས་གཏན་འཁེལ་གྱི་སྨན་ཁང་དང་ཚ་རྒྱས་སྒོ་བསྟེན་སྨན་ཁང་གི་སྨན་དོན་མི་སྣར་འགོག་སྲུང་གི་དངོས་ཟོག་སྔོན་དུ་འགན་སྲུང་བྱས་ནས། ཆེད་ལས་ཀྱི་འགན་སྲུང་ལམ་སྲོལ་དང་འཕྲལ་སྡོམ་སྔོན་ཇུས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། འཚོ་བའི་ཞབས་ཞུ་དང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ཡག་པོ་བྱས་ནས་འཐབ་ས་དང་པོའི་སྨན་དོན་མི་སྣར་རྨང་གཞིའི་རང་བཞིན་གྱི་ནད་ཡམས་ཀྱི་སྨན་རྫས་དང་། ཁ་ལག ཉེ་བརྒྱུད་སྐྱེལ་འདྲེན་སོགས་སྟབས་བདེའི་ཞབས་འདེགས་དུས་ཐོག་ཏུ་ཞུ་དགོས། ངལ་གསོ་དང་། འཁོར་ཞག ལུས་གསོ་བཅས་ཀྱི་ཐོབ་ཐང་དོན་འཁྱོལ་གང་ལེགས་བྱས་ནས་སེམས་གསོ་བཏང་སྟེ་སྨན་དོན་མི་སྣའི་གནོན་ཤུགས་ཆུང་དུ་གཏོང་དགོས། རིམ་ཁག་བཟོ་ཚོགས་ཀྱིས་རིམས་ནད་མཇུག་འགྲིལ་རྗེས་གཟུགས་པོར་བརྟག་དཔྱད་དང་ནང་སར་ལུས་གསོ་བྱེད་རྒྱུར་གཅིག་གྱུར་སྒྲིག་འཛུགས་བྱེད་དགོས།

རིམས་ནད་ཀྱི་འཐབ་ས་དང་པོར་ལས་བྱེད་པར་རྟོག་ཞིབ་དང་དབྱེ་འབྱེད་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས། ལས་ཀའི་རྣམ་འགྱུར་ལེགས་ལ་གྲུབ་འབྲས་མངོན་གསལ་དོད་པ་དང་ཆ་རྐྱེན་འཛོམས་ན་འཕྲལ་མར་གོ་གནས་སྤོར་བའམ་ཡང་ན་ཕུལ་བྱུང་གི་གཞོན་ནུ་ལས་བྱེད་དཔུང་ཁག་གྲས་སུ་འཇུག་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་ཏང་ཞུགས་ཧུར་བརྩོན་ཅན་ལ་ཚོད་བགམ་བྱས་ནས་ལས་ཀའི་རྣམ་འགྱུར་ལེཌ་ལ་ཏང་ཞུགས་ཆ་རྐྱེན་དང་འཚམ་ན། དུས་ཐོག་ཏུ་གྲ་སྒྲིག་ཏང་ཡོན་ལ་བཅུག་ནས་མྱུར་དུ་ཏང་ཡོན་འཕེལ་རྒྱས་གཏོང་དགོས།

འཐབ་ས་དང་པོའི་སྨན་དོན་མི་སྣའི་ནང་མིར་ལྟ་རྟོག་བྱེད་དགོས། འཐབ་ས་དང་པོའི་སྨན་དོན་མི་སྣའི་དངོས་རྒྱུད་གཉེན་ཚན་ནད་གཞི་བསྟེན་པ་དང་སྨན་བཅོས་བྱེད་སྐབས་ཐོག་མེད་བགྲོད་ལམ་ཤར་གཏོང་བྱས་ནས། ཚན་པ་དང་སྡེ་ཁུལ་གྱི་ལས་བྱེད་པའི་འབྲེལ་གཏུག་རོགས་རམ་ལམ་ལུཌ་བཙུགས་ཏེ་འཐབ་ས་དང་པོའི་སྨན་དོན་མི་སྣའི་ནང་མིའི་འབྲེལ་ཡོད་གནས་ཚུལ་དང་དཀའ་ངལ་དུས་ཐོག་ཏུ་ཤེས་པ་བྱེད་དགོས། དེ་དང་དུས་མཚུངས། འཐབ་ས་དང་པོའི་སྨན་དོན་མི་སྣའི་བུ་ཕྲུག་བུ་བཅོལ་ཁང་དུ་གཏོང་བ་དང་སློབ་གྲྭ་འདེམས་པ་སོགས་ཀྱི་ཐད་གཟིགས་སྐྱོང་བྱེད་དགོས།