《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月10日

མཐོང་ལས་གྲོང་ཚོར་བཅའ་སྡོད་ལྗོངས་ཏང་ཨུད་དྲིལ་བསྒྲཌ་པུའི་ལས་དོན་རུ་ཁག་གིས།

དུག་སེལ་དང་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་8ཉིན་གནས་ཚུལ་འབྱོར་གསལ། “གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་འཆར་ཉེའི་སྐབས་སུ་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་མཐོང་ལས་གྲོང་ཚོར་བཅའ་སྡོད་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་ལས་དོན་རུ་ཁག་གིས“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་། གྲོང་གསེབ་དར་རྒྱས་ཀྱི་ཆེད་དོན་ལས་བྱེད་པ། བུད་མེད་བློ་མཐུན་བཅས་སྒྲིག་འཛུགས་ཀྱིས་དུག་སེལ་དང་ནད་འབུ་གསོད་པ་དང་། “ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན”གྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།

ཐེངས་འདིའི་དུག་སེལ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་རིང་། གྲོང་ཚོ་ཡོངས་ཀྱི་བུད་མེད་གཙོ་བོར་བྱས་པ་དང་ཚོགས་ཆུང་ཁག་9ལ་ཕྱེ་ནས་གྲོང་མི་དུད་ཚང་45ཡི་ཁྱིམ་དུ་དུག་སེལ་དང་ནད་འབུ་གསོད་པ་དང་། “ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན”གྱི་ཆེད་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།