《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月10日

རིམས་འགོག་ལ“བུད་མེད་ཀྱི་སྟོབས་ཤུགས”སྐྱེས་སུ་ཕུལ་བ།

འདི་ནི་འཕྱོངས་རྒྱས་རྫོང་ལྟེ་བའི་འཕྲོད་བསྟེན་ཁང་སྒོ་བསྟེན(དོས་དྲག)ཚན་ཁག་གི་སྨན་པ་ཕུན་ཚོགས་སྒྲོལ་དཀར(གཡས)གྱིས་སྔོན་དཔྱད་ནད་དབྱེ་ས་ཚིགས་སུ་རྒྱུན་གཏན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཟིན་ཐོར་ལྟ་བཞིན་པ།

འདི་ནི་མལ་གྲོ་གུང་དཀར་རྫོང་མི་དམངས་ཁྲིམས་ཁང་འབྲི་གུང་ཁྲིམས་ཁང་གི་ལས་དོན་པས་དུད་ཚང་དུ་བསྐྱོད་དེ་བཅའ་ཁྲིམས་ཀྱི་ཤེས་བྱ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།

“གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་སྐབས་སུ་རང་ལྗོངས་ཀྱི་འཐབ་ཕྱོགས་ཁག་གི་བུད་མེད་སྤུན་ཟླ་ཚོས་འབད་འཐབ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་ཞུགས་པ་དང་། རང་འཁྲིའི་ལས་གནས་ལ་གཞི་ཚུགས་པ་དང་ལས་གནས་བརྟན་སྲུང་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།