《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月10日

ཧོ་ཝུན་ཧའོ་ཡིས་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་དུ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་8ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ལྗོངས་ཏང་ཨུད་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཧོ་ཝུན་ཧའོ་ཡིས་ལྗོངས་ཁྲིམས་འཛིན་ཐིང་དུ《ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་ལས་དོན་གྱི་སྲོལ་ཡིག》ལག་བསྟར་གནས་ཚུལ་དང་ལྗོངས་ཏང་ཨུད་ཀྱི་སྲིད་ཁྲིམས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱི་གནས་ཚུལ་ལ་བརྟག་ཞིབ་དང་། བཅའ་ཁྲིམས་ཁྱབ་གདལ་བཤམས་སྟོན་ཁང་དང་། ཁྲིམས་ལྟར་བོད་སྐྱོང་གཞུང་ལས་ཁང་གི་དྲུང་ཡིག་ཁྲུའུ། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ཁྲུའུ་བཅས་སུ་བརྟག་དཔྱད་མཛུབ་ཁྲིད་གནང་བར་ཕེབས་ཏེ་ཁྲིམས་འཛིན་སྲིད་འཛིན་སྒྱུར་བཅོས་དང་། བཅའ་ཁྲིམས་ཁྱབ་གདལ། འགལ་ཟླ་དང་རྩོད་གཞི་འདུམ་འགྲིག ཁྲིམས་འཛིན་སྲིད་འཛིན། དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་མཁྱེན་རྟོགས་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧུང་པོ་བརྟག་ཞིབ་ལ་ལྷན་དུ་ཕེབས་པ་རེད།

ཧོ་ཝུན་ཧའོ་ཡིས། ལྗོངས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས། ཁྲིམས་འཛིན་སྲིད་འཛིན་གྱི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ《ཀྲུང་གོ་གུང་ཁྲན་ཏང་གི་དོན་གནད་གལ་ཆེན་དགོངས་སྐོར་སྙན་སེང་ལམ་སྲོལ》དང《ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་ལས་དོན་གྱི་སྲོལ་ཡིག》ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས་ལམ་ལུགས་ཀྱི་འགན་སྲུང་ལ་ཤུགས་སྣོན་གྱིས་ཏང་གིས་ཁྲིམས་འཛིན་སྲིད་འཛིན་ལས་དོན་ལ་འགོ་ཁྲིད་གཙང་བཙན་ཐུབ་པའི་འགན་ལེན་བྱེད་དགོས། བཅའ་ཁྲིམས་ཁྱབ་གདལ་གྱི་ལས་དོན་སྔར་བས་ཏན་ཏིག་དང་། གང་འགབ། སྟོབས་ཆེ་བཅས་ཀྱི་སྒོ་ནས་བསྒྲུབས་ཏེ་བཅའ་ཁྲིམས་ཁྱབ་གདལ་གྱི་ཆོས་ཉིད་དང་ཁྱད་ཆོས་ལ་ཞིབ་འཇུག་བྱེད་པ་དང་། བཅའ་ཁྲིམས་ཁྱབ་གདལ་གཏོང་སྟངས་གསར་གཏོད་བྱེད་པ། བཅའ་ཁྲིམས་ཁྱབ་གདལ་ལས་དོན་གསར་གཏོད་རང་བཞིན་ལྡན་པའི་ངང་སྤེལ་བ། བཅའ་ཁྲིམས་ཁྱབ་གདལ་གྱི་དམིགས་སའི་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཚོས་ཁྲིམས་སྐྱོང་འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་བྱེད་དགོས། དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་འཛུགས་སྐྱོང་གི་ཞིབ་ཕྲ་ཅན་དང་། ཁྱད་ལྡན་ཅན། སྡེ་ཚན་ཅན་བཅས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ཁྲིམས་འཛིན་སྲིད་འཛིན་གྱི་དཔུང་ཁག་རྦད་དེ་ལྷག་བསམ་རྣམ་དག་དང་བློས་འགེལ་ཆོག་པ་ཡིན་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

(ཚེ་སྒྲོལ་གྱིས་བསྒྱུར། བདེ་དབང་གིས་ཞུས)