《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月09日

རང་ལྗོངས་ཀྱི་གློག་རྡུལ་སྤྱི་ཚོགས་འགན་སྲུང་གཱ་ཡི་རྩ་གཉིས་ཨང་རྟགས་བཤེར་ན་སྨན་བཅོས་དང་སྨན་རྫས་ཉོ་ཐུབ་པ།

འདི་ག་ཚགས་པར་ཁང་ལྷ་ས་ནས་ཟླ་3ཚེས་7ཉིན་གནས་ཚུལ་འབྱོར་གསལ། གསར་འགོད་པས་རང་སྐྱོང་ལྗོངས་མི་སྤྱི་ཐིང་ནས་ཤེས་རྟོགས་བྱས་པར། 2017ལོ་ནས་རང་ལྗོངས་སུ་སྤྱི་ཚོགས་འགན་སྲུང་གཱ་སྤྲོད་འགོ་ཚུགས་ཚུན། ད་བར་རིམ་རྩིས་བརྒྱབ་ན་སྤྱི་ཚོགས་འགན་སྲུང་གཱ་ཁྲི་300ཙམ་སྤྲད་ཡོད། གློག་རྡུལ་སྤྱི་ཚོགས་འགན་སྲུང་གཱ་ནི་སྤྱི་ཚོགས་འགན་སྲུང་གཱ་དྲ་ཐོག་ཏུ་སྤྱོད་པའི་གློག་རྡུལ་དཔང་འཛིན་ནུས་ལྡན་ཞིག་ཡིན་པ་དང་། དེར་ཐོབ་ཐང་ངོས་འཛིན་དང་། ཆ་འཕྲིན་ཐོ་བཀོད། རང་འདེམས་འདྲི་རྩད་བཅས་དང་། དེ་བཞིན་སྨན་བཅོས་འགན་བཅོལ་རྩིས་ཞུ་དང་། སྨན་རིན་སྤྲོད་པ། ཐོབ་ཐང་ལེན་པ། དངུལ་རྩ་གཏོང་སྤྲོད་སོགས་ཀྱི་ནུས་པ་མང་པོ་ལྡན་ཡོད།

གློག་རྡུལ་སྤྱི་ཚོགས་འགན་སྲུང་གཱ་ཡི་བཀོལ་སྤྱོད་སྔར་བས་ཕུན་སུམ་ཚོགས་སུ་གཏོང་ཆེད། ཟླ་3ཚེས་7ཉིན་ནས་བཟུང་། རང་ལྗོངས་ཀྱི་གློག་རྡུལ་སྤྱི་ཚོགས་འགན་སྲུང་གཱ་ཡི་རྩ་གཉིས་ཨང་རྟགས་བཤེར་རྗེས་སྨན་བཅོས་དང་སྨན་རྫས་ཉོ་སྒྲུབ་ཀྱི་ཞབས་ཞུ་གཉེར་ཐུབ། འགན་བཅོལ་ནང་ཞུགས་མཁན་ཚོས“བོད་ལྗོངས་མི་སྤྱིའི”APPདང་། དངུལ་ཁང་གཱ་མཉམ་འབྲེལ་རྩ་འཛུགས་ཀྱི“སྤྲིན་ཚོགས་མྱུར་སྤྲོད”APPཡི་རྩ་གཉིས་ཨང་རྟགས་ཀྱི་ལས་སྒོ་ཤར་གཏོང་བྱས་ན། སྨན་བཅོས་དང་སྨན་རྫས་ཉོ་སྒྲུབ་ཀྱི་ཞབས་ཞུ་གཉེར་ཐུབ། དེས་ན་ནད་གཞི་ལྟ་བ་དང་སྨན་ཉོ་སྐབས་གཱ་འཁྱེར་མི་དགོས་པར་ལག་ཐོགས་ཁ་པར་ནས་རྩ་གཉིས་ཨང་རྟགས་བཤེར་ཏེ་དངུལ་སྤྲད་ན་འགྲིག སྨན་རྫས་ཚོང་ཁང་དུ་སྨན་ཉོ་བར་བསྐྱོད་སྐབས་གློག་རྡུལ་སྤྱི་ཚོགས་འགན་སྲུང་གཱ་ཡི་རྩ་གཉིས་ཨང་རྟགས་བཤེར་ན་སྨན་རིན་རྣམས་སྨན་བཅོས་འགན་བཅོལ་རྩིས་ཁྲ་ནས་ཐད་ཀར་འཐེན་ཐུབ།