《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月06日

མེ་ཏོག་རྫོང་གིས་སྔོ་ཚལ་ཐོན་ལས་འཕེལ་རྒྱས་བཏང་སྟེ་ཞིང་པའི་ཡོང་འབབ་འཕར་བར་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་མེ་ཏོག་རྫོང་ཨུད་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་འགོ་བཙུགས་ཚུན། མེ་ཏོག་རྫོང་ཡ་གདུང་གྲོང་ཚོས་འབྲས་ཞིང་དལ་དུས་ཀྱི“དུས་ཚིགས་ལས་ལྡོག་པའི”སྔོ་ཚལ་འདེབས་འཛུགས་རྣམ་གྲངས་ལག་ལེན་ཤུགས་ཆེན་བསྟར་ཏེ་དུད་ཚང་གིས་དུད་ཚང་གི་སྣེ་འཁྲིད་པ་དང་། དུད་ཚང་གིས་དུད་ཚང་ལ་རོགས་རམ་བྱེད་པ། དུད་ཚང་གིས་དུད་ཚང་ལ་སྐུལ་མ་གཏོང་བ་བཅས་ཀྱི་སྒོ་ནས་སྔོ་ཚལ་ཐོན་ལས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་ཡོང་བ་བྱས་པ་མ་ཟད། ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་དང་། ཞིང་པར་ཡོང་འབབ་འཕར་བ། ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་བཅས་ཡོང་བར་སྐུལ་འདེད་བཏང་ཡོད།

མིག་སྔའི་བར། ཡ་གདུང་གྲོང་ཚོས་འདེབས་འཛུགས་བྱས་པའི་སྔོ་ཚལ་གྱི་སྣ་ཁ་དེ་སྔའི་པད་ཚལ་དང་ལ་ཕུག་ནས་ད་ལྟའི་ཆེ་ཙི་དང་། ཀོ་པི། སུར་པན་སོགས་སྔོ་ཚལ་རིགས་15བར་མང་དུ་སོང་བ་དང་། དེའི་ནང་ཞུགས་མཁན་ཞིང་དུད་20ལྷག་ཙམ་ནས་79བར་མང་དུ་སོང་བ། གཞི་ཁྱོན་མུའུ་54ནས་མུའུ་600ལྷག་ཙམ་བར་མང་དུ་སོང་ནས་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་6000ལྷག་ཙམ་བྱུང་བ་དང་དུད་ཚང་རྐྱང་པའི་ལོ་རེའི་བྲིན་ཚོང་བྱེད་ཚད་མཐོ་ཤོས་ལ་སྒོར་ཁྲི་2ལྷག་ཙམ་ཟིན་ཡོད།