《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月06日

ནུས་ཤུགས་ཡོད་རྒུས་གློག་མཁོ་འདོན་ལ་འགན་ལེན་བྱེད་པ།

ཉེ་ཆར། སྣང་རྫོང་གློག་འདོན་ཀུང་སིས་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་སོགས་སྡེ་ཚན་དུ་གློག་གི་བདེ་འཇགས་ཞིབ་བཤེར་བྱས་པ་དང་འབྲེལ། གློག་སྐུད་དང་སྒྲིག་ཆས་བརྗེས་པ་མ་ཟད། སྤྱོད་མཁན་ལ་བདེ་འཇགས་ངང་གློག་སྤྱོད་པའི་ཤེས་བྱ་དྲིལ་བསྒྲགས་དང་། གློག་འགན་ལེན་གྱི་ཇུས་གཞི་བཟོས་ནས་སྤྱོད་མཁན་གྱིས་ནང་ཁུལ་གྱི་གློག་གི་དོན་རྐྱེན་ཐག་གཅོད་ལ་ཁྲིད་སྟོན་དང་རམ་འདེགས་བྱས་ནས། གློག་གི་སྒྲིག་ཆས་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་པ་རེད།

འདི་ནི་སྣང་རྫོང་གློག་འདོན་ཀུང་སིའི་ལས་བཟོས་གློག་སྐུད་དང་སྒྲིག་ཆས་ལ་ཞིབ་བཤེར་བྱེད་བཞིན་པ།