《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月06日

སྤུས་ཚད་དེ་བས་མཐོ་པོས་འཕེལ་རྒྱས་བཏང་། ཆུ་ཚད་དེ་བས་མཐོ་པོས་བཅོས་སྐྱོང་བྱས།

ཉིང་ཁྲི་གྲོང་ཁྱེར་གྱིས་བྱེད་ཐབས་སྣ་ཚོགས་སྤྱད་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་བདེ་བླག་ངང་མཇུག་བསྡུས་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གནས་ཚུལ་འབྱོར་གསལ། འདི་ལོ་ཚུན་དུ། ཉིང་ཁྲི་གྲོང་ཁྱེར་གྱིས་བརྟན་ཐོག་ཡར་འཕེལ་ལས་དོན་གྱི་སྤྱིའི་དགོངས་གཞི་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱས་ཏེ། “སྲ་བརྟན་དང་། ཆེར་གཏོང་། མཐོར་གཏོང་། ཤར་བགྲོད”བཅས་ཡོང་བར་འབད་བརྩོན་བྱེད་པ་དང་། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱ་རྒྱུ་ལས་དོན་སྤེལ་ཐབས་སུ་བརྩི་བ། “མདུན་གྲལ་ལྔ”ལག་བསྟར་གཏིང་ཟབ་བྱེད་པ། དར་རྒྱས་དང་། ཞི་མཐུན། བདེ་སྐྱིད། ལྗང་མདོག མཛེས་སྡུག་བཅས་ཀྱི“ལྔ་ལྡན་ཉིང་ཁྲི”ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ། “འགག་སྒྲོལ་དམག་འཐབ་གསུམ”ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ། བརྟན་པོའི་ངང་འཕེལ་རྒྱས་གཏོང་བ་དང་། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། གྲུབ་ཆ་ལེགས་སུ་གཏོང་བ། དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་པ། བརྟན་ལྷིང་སྲུང་སྐྱོང་བཅས་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་གཏོང་བ། སྤུས་ཚད་དེ་བས་མཐོ་པོས་འཕེལ་རྒྱས་དང་ཆུ་ཚད་དེ་བས་མཐོ་པོས་བཅོས་སྐྱོང་བྱེད་པ། མི་དམངས་མང་ཚོཌ་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་མི་ཆད་པར་ཆེ་རུ་གཏོང་བ། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་དང་སྤྱི་ཚོགས་དུས་བབ་ཞི་མཐུན་བརྟན་ལྷིང་ཡོང་བ་རྒྱུན་འཁྱོངས་བཅས་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་བདེ་བླག་ངང་མཇུག་བསྡུ་བའི་འགན་ལེན་བྱས་པ་རེད།

“འགག་སྒྲོལ་དམག་འཐབ་གསུམ”ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཐུབ་པ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཐའ་ཚད་བསྲུངས་ཤིང་། ཉིང་ཁྲི་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་སྲིད་ཇུས་འབྲེལ་མཐུད་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ལམ་སྲོལ་བསྡུ་སྒྲིལ་དང་ལས་དོན་ལ་སྤྱི་འདོམས་བྱེད་པ། ཤིན་ཏུ་དབུལ་བའི་ས་ཁུལ་ལ་འདེགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ། མངོན་གསལ་དོད་པོས་ཐོན་ལས་འདེགས་སྐྱོར་ལ་དམ་འཛིན་ཡག་པོ། དངུལ་རྩའི་རམ་འདེགས་ནུས་པ་འདོན་སྤེལ་ཡག་པོ། ཁེ་ཕན་མཉམ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ། བདེ་ཐང་དང་། སློབ་གསོ། སྣོད་བཅུད་སོགས་དབུལ་སྐྱོར་བྱེད་ཐབས་སྤྱི་འདོམས་ཀྱིས་དོན་འཁྱོལ། དབུལ་པོ་བསྐྱར་ལོག་གི་ཉེན་བརྡ་གཏོང་བའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ནུས་ལྡན་ངང་དབུལ་པོ་བསྐྱར་ལོག་མི་ཐེབས་པ་བྱས་པ་རེད།

“གནམ་སྔོ། ཆུ་དྭངས། ས་གཙང”བཅས་ཀྱི་བྱ་སྤྱོད་ཆེན་པོ་གསུམ་ལ་མུ་མཐུད་སྐུལ་འདེད་བཏང་ཞིང་། གཙང་པོ་དང་། ཆུ་བོ། མཚོ། གཙོ་གནད་སྦགས་བཙོག་འབྱུང་ཁུངས་བཅས་ལ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཅིག་སྡུད་རང་བཞིན་གྱི་འཐུང་ཆུའི་ཆུ་འགོར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། བཙོག་འབུད་ཆོག་འཐུས་དང་། སྤྱི་འབོར་ཚོད་འཛིན། གཙང་དག་ཐོན་སྐྱེད་བཅས་ཀྱི་ལམ་ལུགས་དོན་འཁྱོལ་ནན་པོ། ས་རྒྱུ་སྦགས་བཙོག་གི་དོ་དམ་ཚོད་འཛིན་དང་བསྐྱར་གསོ་བྱེད་ཤུགས་ཆེ་རུ་གཏོང་བ། ཉེན་ཆེའི་ཟོག་རོར་ཚད་ལྡན་ཅན་གྱི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་མཁའ་རླུང་དང་། ཆུ། ས་རྒྱུ་བཅས་ཀྱི་ཁོར་ཡུག་སྤུས་ཚད་ཕྱོགས་ཡོངས་ནས་དམིགས་ཚད་དུ་སླེབས་པའི་འགན་ལེན་བྱས་པ་རེད།

“བོད་སྐྱོད་ས་ཚིགས་དང་པོའི”ལས་དོན་ཡག་པོ་བསྒྲུབས་ཏེ། པེ་ཅིང་དང་། ཀྲུའུ་ཧའེ། ཧང་ཀྲོའུ་བཅས་ཀྱི་མཁའ་ལམ་ཤར་གཏོང་ཐུབ་པའི་བརྩོན་ལེན་བྱས་ནས།“བོད་ཤར་ལྷོ་སྐོར་ལམ”གྱི་ཡུལ་སྐོར་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་བ་དང་། “དུས་ཆེན་གཉིས་དང་དུས་ཚིགས་གཅིག”གི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ། དུས་ཚིགས་བཞིའི་ཡུལ་སྐོར་ཐོན་རྫས་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས་ཉིན་མཚན་དབྱེར་མེད་ཀྱི་ཡུལ་སྐོར་ཐོན་རྫས་མ་ལག་རྒྱ་སྐྱེད་བཏང་བ། བྲག་གསུམ་མཚོའི་A5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་མཐོ་རུ་དང་སྲ་བརྟན་དུ་བཏང་བའི་ཁར། ཡར་ཀླུང་གཙང་པོའི་རོང་ཆེན་གྱི་A5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་བཏོད་པ། གྲོང་གསེབ་ཀྱི་ཡུལ་སྐོར་དཔེ་སྟོན་གྲོང་ཚོ་3གཙོ་གནད་དུ་བཟུང་སྟེ། ཁྱིམ་ཚང་མགྲོན་ཁང་གི་ཞབས་ཞུའི་སྤུས་ཚད་དང་ཚད་གཞི་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ། “ཡུལ་སྐོར+”མི་མངོན་པའི་ནུས་ཤུགས་འདོན་སྤེལ་བྱས་ཏེ། གསར་བརྗེ་དང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། ལོ་རྒྱུས་ཐོག་གི་གནའ་ཤུལ་ཡུལ་སྐོར་ལས་དོན་སྤེལ་རྒྱའང་ཆེ་རུ་བཏང་བ། “རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་ཁུལ་གྱི་འགེལ་བྱང་·ལམ་སྟོན་མ་ལག”འཛུགས་སྐྲུན་མགྱོགས་པོ་བྱས་ཏེ་གཙོ་གནད་མཛེས་ལྗོངས་ཁུལ་ཡོངས་ལ་ཁྱབ་པར་བྱས་པ་རེད།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བར་ཁམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཕྱོགས་བསྡུས་ཐེག་ནུས་ཆེ་རུ་གཏོང་རིང་། “རྣམ་པ”དང“ནང་དོན”གཉིས་ཀར་དམ་འཛིན་བྱ་རྒྱུ་ནས་འགོ་བཙུགས་ཏེ། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་མགྱོགས་པོ་བཏང་བ་དང་། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་པ། མི་འབོར་དང་། མ་རྩ། རྣམ་གྲངས་བཅས་ཐད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡིད་དབང་འགུགས་ཤུགས་དང་གཅིག་སྡུད་བྱེད་ཤུགས་ཆེ་རུ་བཏང་བ་རེད།

ཐག་རིང་ལུང་ཁུག་དང་ས་བབ་མཐོ་བའི་ཤང་དང་གྲོང་རྡལ་ལ“འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བ”ལྟ་བུའི་ལས་དོན་སྤེལ་རྒྱུར་ཤུགས་བརྒྱབ་ཅིང་། ཆུ་མཁོ་འདོན་དང་། ཆུ་འབུད། དྲོད་རླངས་མཁོ་འདོན། གང་སྙིགས་དང་བཙོག་ཆུ་གཙང་གསིང་བཅས་གཙོ་གནད་དུ་བཟུང་སྟེ། རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་མགྱོགས་མྱུར་བསལ་བ་དང་། འབྱོར་འབྲིང་གྲོང་ཚོ་34འཛུགས་སྐྲུན་བྱེད་འགོ་བཙུགས་པ། གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་བ། ཕྱིར་གཏོང་ཞིང་ལས་ཐོན་རྫས་བདེ་འཇགས་ཀྱི་དཔེ་སྟོན་ཁུལ་དང་སྣོད་བཅུད་སྲུང་སྐྱོང་ཐོན་རྫས་ཐོག་མའི་ཐོན་ཁུལ་གྱི་དཔེ་སྟོན་ཁུལ་བཏོད་པ། བྲག་ཡིབ་ཆུས་དང་རྫ་ཡུལ་རྫོང་གི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་དར་སྤེལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང་གཏོད་མགྱོགས་སུ་བཏང་བ་རེད།

(སྤེན་ཚེ་དང་པ་ཕན་གྱིས་སྒྱུར་ཞུས་བྱས)