《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月06日

“ཞིང་གསུམ”ཁྱབ་ཁོངས་ཀྱི་རྨང་གཞིའི་ ལས་དོན་ལ་དམ་འཛིན་ ཡག་པོ་བྱེད་དགོས།

ཞིབ་པར་བཤད་ན། “ཞིང་གསུམ”གྱི་གནད་དོན་ནི་ཞིང་ལས་ཀྱི་གནད་དོན་དང་། གྲོང་གསེབ་ཀྱི་གནད་དོན། ཞིང་པའི་གནད་དོན་བཅས་རེད། ཞིང་ལས་ཀྱི་གནད་དོན་ནི་ཞིང་ལས་འཕེལ་རྒྱས་གཏོང་རིང་ཐག་གཅོད་བྱེད་དགོས་པའི་གནད་དོན་ཞིག་ཡིན་ཞིང་། ཞིང་ལས་ཐོན་རྫས་གཙོ་བོའི་མཁོ་སྤྲོད་གྲངས་འབོར་དང་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཡིན་པ་དང་། གྲོང་གསེབ་ཀྱི་གནད་དོན་ནི་གྲོང་གསེབ་ཁྲོད་གནས་པའི་གནད་དོན་ཡིན་ཞིང་། གཙོ་བོ་གྲོང་གསེབ་ཀྱི་སྤྱི་ཚོགས་ཀྱི་སྤྱི་པའི་ཞབས་ཞུ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་ཡིན་པ། ཞིང་པའི་གནད་དོན་ནི་ཞིང་པའི་ཁེ་ཕན་དང་ཐད་ཀར་འབྲེལ་བ་ཡོད་པའི་གནད་དོན་ཡིན་ཞིང་། གཙོ་བོ་ཞིང་པའི་དཔལ་འབྱོར་ཡོང་འབབ་དང་སྤྱི་ཚོགས་ཀྱི་དབང་ཆ་སྣ་ཚོགས་ཡིན།

འབྱོར་འབྲིང་བྱུང་མིན་གྱི་འགག་རྩ་ནི་ཡུལ་མི་སྤུན་ཟླར་ཐུག་ཡོད། དབུལ་སྒྲོལ་གྱི་སྤུས་ཚད་ཇི་ལྟར་བྱུང་མིན་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོཌ་བསྐྲུན་པའི་སྤུས་ཚད་ཇི་ལྟར་ཡིན་མིན་ནི་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས“ཞིང་གསུམ”ལས་དོན་གྱི་ཕན་འབྲས་ལ་ལྟ་དགོས། དཔལ་འབྱོར་གྱི་རྣམ་པ་ཇི་ཙམ་གྱིས་རྙོག་འཛིང་ཆེ་བ་ཡོད་ན་དེ་ཙམ་གྱིས“ཞིང་གསུམ”གྱི་གནད་དོན་ལ་མཐོང་ཆེན་བྱེད་དགོས། 2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མཇུག་བསྡུའི་ལོ་ཡིན་པས་ང་ཚོས་ངེས་པར་དུ“ཞིང་གསུམ”གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དེ་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ་འཕེལ་རྒྱས་མྱུར་པོ་ཡོང་བར་ཤུགས་བརྒྱབ་ནས། “ཞིང་གསུམ”ཁྱབ་ཁོངས་ཀྱི་རྨང་གཞིའི་རང་བཞིན་གྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ། མཐར་རང་ལྗོངས་ཀྱི་རྒྱ་ཆེའི་ཞིང་པ་དང་རྒྱལ་ཡོངས་མི་དམངས་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།

གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་ནི་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞིང་པ་ཐུན་མོང་ཐོག་ཕྱུག་པོ་ཆཌ་པ། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་དར་རྒྱས་ལ་འཕེལ་རྒྱས་གཏོང་བའི་དངོས་པོའི་རྨང་གཞི་གལ་ཆེན་ཞིག་རེད། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་གྱི་འཕར་གཞི་སྐྱེད་སྲིང་བྱས་ནས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་པ་གཏོད་པར། ཐོག་མར་མཉམ་སྡེབ་དཔལ་འབྱོར་གྱི་ཐོག་མའི་རྒྱུ་ནོར་གསོག་འཇོག་ལ་བསམ་གཞིག་བྱེད་པ་དང་སྦྲཌ། དེའི་གཞི་ཁྱོན་ཆེ་རུ་གཏོང་དགོས། ཞིང་ལས་མཉམ་སྡེབ་འཕེལ་རྒྱས་ཀྱི་ཞིང་ལས་ཐོན་ལས་ཅན་ལ་འགྱུར་ཤུགས་ཆེ་རུ་བཏང་སྟེ་རི་ཁུལ་གསར་སྤེལ་དང་། ཞིང་ལས་ཕྱོགས་བསྡུས་གསར་སྤེལ། འབབ་རྒྱུད་ཆུང་ངུ་བཅོས་སྐྱོང་སོགས་ལ་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།

ས་ཞིང་ནི་གྲོང་གསེབ་ཀྱི་མཉམ་སྡེབ་མ་རྩའི་ཁྲོད་གལ་ཆེ་ཤོས་ཀྱི་ཐོན་ཁུངས་ཤིག་རེད། གྲོང་གསེབ་ཀྱི་མཉམ་སྡེབ་ཅན་གྱི་འཕེལ་རིམ་ཁྲོད། གྲོང་ཚོ་རིམ་པའི་ས་ཞིང་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ་དང་ཁང་ས་དང་ས་ཞིང་ལེགས་སྒྲིག་ཧུར་ཐག་བྱས་ནས། ནུས་ལྡན་ངང་ས་ཞིང་སྤྱོད་རྒྱ་ཆེ་རུ་གཏོང་བ་དང་མཉམ་སྡེབ་ཐོན་ཁུངས་གཉེར་སྐྱོང་གི་བར་མཐོངས་ཡངས་སུ་གཏོང་དགོས། གྲོང་གསེབ་ཏུ་མཉམ་སྡེབ་ཅན་ལག་བསྟར་བྱས་རྗེས། མཉམ་སྡེབ་ཀྱི་ངལ་རྩོལ་ནང་ཞུགས་ཉུང་བས་གྲོང་གསེབ་ཀྱི་ངལ་ནུས་ཁག་གཅིག་གི་ལས་ཞུགས་ཀྱི་དགོས་མཁོ་སྐོང་དགོས་ཀྱི་ཡོད། དེས་ན་མ་དངུལ་དང་ལག་རྩལ་ངེས་ཅན་ལྡན་པའི་ཞིང་པ་ཁག་གཅིག་ཕྱིར་གླ་པར་སྐྱོད་པའམ་ཡང་ན། ཚོང་གཉེར་བྱེད་པར་བསྐྱོད་རྒྱུའི་ལྕག་སྐུལ་དང་ཁྲིད་སྟོན་བྱེད་ཞོར་དུ་ཐོན་ལས་གཉིས་པ་དང་གསུམ་པ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཞིང་པ་ས་ཆ་དེ་གར་ལས་ཀ་བྱེད་པ་དང“བཟོ་ལས་དང་ཞིང་ལས་གཉིས་ཀ་ཤེས་པའི”ལམ་བུའི་ཐོག་སྐྱོད་དུ་འཇུག་དགོས།