《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月06日

རིག་གནས་ཀྱི་དྲི་བསུང་འཐུལ། ཐོན་ལས་ཀྱི་འཕེལ་ཁ་བཟང་།

—— པེ་ཅིང་གིས་བོད་སྐྱོར་རྣམ་པའི་ཐོག་ནས་སྙེ་མོར་གྲོང་གསེབ་དར་རྒྱས་གཏོང་རོགས་བྱས་པའི་སྐོར་བཀོད་པ།

སྙེ་མོ་རྫོང་ལ་སྔར་ནས“སྤོས་ཀྱི་རིག་གནས་འབྱུང་ཁུངས”དང་། “བོད་ཀྱི་རིག་གནས་གཏོད་པ་པོའི་ཕ་ཡུལ”“ལྷ་སའི་བཟོ་ཁང”ཞེས་འབོད་སྲོལ་ཡོད་ལ། “ཁྱད་འཕགས་གསུམ་དང་ལག་རྩལ་བདུན”གྱི་ཕུན་སུམ་ཚོགས་པའི་རིག་གནས་རྒྱུན་འཛིན་བྱུང་བ་ལས“རིག་གནས་ཀྱི་དྲི་བསུང་འཐུལ་ཡུལ”ཞེས་པའི་མཚན་སྙན་ཡང་ཐོབ་ཡོད།

ལོ་མང་གི་ལག་ལེན་ཁྲོད། པེ་ཅིང་གྲོང་ཁྱེར་གྱི་ས་ཁུལ་དང་རྫོང་ཁག་གིས་སྙེ་མོ་རྫོང་དང་བོད་སྐྱོར་གྱི་མཛའ་གྲོགས་འབྲེལ་བ་ཟབ་མོ་ཞིག་བཙུགས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། པེ་ཅིང་གིས་སྔ་རྗེས་སུ་བོད་སྐྱོར་མ་དངུལ་ཁྲི་12420བཏང་སྟེ། སྙེ་མོར་བོད་བྱའི་རྒྱུད་པ་སྲུང་སྐྱོང་རྟེན་གཞི་བསྐྲུན་པ་དང་། སྒོར་ཁྲི་2100བཏང་སྟེ་དུད་ཚང་དབུལ་པོའི་བོད་བྱ་ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞི་བསྐྲུན་པ། པེ་ཅིང་ཏེ་ཆིང་ཡོན་སྙེ་མོར་གཞིས་ཆགས་ཏེ། དེང་རབས་ཅན་གྱི་གཞི་ཁྱོན་ལྡན་པའི་གསོ་སྤེལ་རྟེན་གཞི་མེད་པ་ནས་ཡོད་པའི་བར་ཐོད་བརྒལ་བྱུང་ ཡོད། 2019ལོའི་ཟླ་12བར་སྙེ་མོ་རྫོང་གི་བོད་བྱ་མགོ་གྲངས་52000ཟིན་ཞིང་། ལོ་ཧྲིལ་པོར་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་300ལྷག་ཙམ་བྱུང་བ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་ཡོང་འབབ་དམའ་བའི་དུད་ཚང་65ཡི་མི་390ལ་མི་རེར་ལོ་རེར་འབབ་འཕར་སྒོར་ཁྲི་1.2ལྷག་ཙམ་བྱུང་ཡོད།

དེ་བས་དགའ་བ་སྐྱེ་འོས་པ་ཞིག་ནི་སྔོན་མ་གང་ཡང་མེད་པའི་རི་གྲོང་ཆུང་ཆུང་སྟེ། སྙེ་མོ་རྫོང་མཁར་རུ་ཤང་དེ་ཉིད་ད་ཆ“ལྷ་སའི་བྱང་སྐོར་ལམ་གྱི་མཛེས་ལྗོངས་ཁུལ་འཁྲུག་ཤོས”སུ་གྱུར་པ་དང་། ལྷག་པར་དུ་མཁར་རུ་ཤང་ལ“ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ”དང“རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་ཡུལ་སྐོར་གཙོ་གནད་གྲོང་ཚོའི”དམིགས་བསལ་གྱི་མཚན་སྙན་ཡང་ཐོབ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། པེ་ཅིང་གི་བོད་སྐྱོར་གྱིས་གནད་སྨིན་དབུར་སྐྱོར་བྱས་ཏེ་འབྱོར་འབྲིང་དཔེ་སྟོན་ཤང་གི་རྣམ་གྲངས་ལག་ལེན་བསྟར་ནས། ལོ་ངོ་སྟོང་གི་སྟར་སྡོང་ནགས་ཚལ་དང་། རི་སྐྱེས་ཁམ་བུའི་སྡོང་པོ། རི་མཐོའི་སྡོང་ཐུང་ནགས་ཚལ། ཆུ་ཚན། དེ་བཞིན་རྒྱལ་ལམ་318ཀྱི་འགྲམ་དུ་ཆགས་པ་བཅས་ཀྱི་ལེགས་ལྡན་ཐོན་ཁུངས་འདོན་སྤེལ་གང་ལེགས་བྱས་ཤིང་། སྔ་རྗེས་སུ་བོད་སྐྱོར་མ་དངུལ་སྒོར་ཁྲི་9000ལྷག་ཙམ་བཏང་བས་ལས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དང་མང་ཚོགས་ཀྱི་འབབ་ཁུངས་སྣ་མང་ཅན་དུ་གྱུར་ཡོད། 2019ལོའི་ཟླ་6པར་གཉེར་སྐྱོང་བྱེད་འགོ་ཚུགས་ཚུན། དཔལ་འབྱོར་གྱི་ཕན་འབྲས་སྒོར་ཁྲི་480ལྷག་ཙམ་ཐོབ་པ་དང་། མང་ཚོགས་དབུལ་པོ་28ལྷག་ཙམ་ལས་ཞུཌ་བརྟན་པོ་ཐུབ་ཅིང་། མི་རེར་ཟླ་རེར་ཆ་སྙོམས་ཡོང་འབབ་སྒོར་2800བྱུང་ཡོད། རྣམ་གྲངས་གཉེར་སྐྱོང་དང་མཉམ་ལས་ཁང་གཉེར་སྐྱོང་བྱས་པ་བརྒྱུད། 2019ལོར་ཤང་ཡོངས་ཀྱི་དུད་ཚང་དབུལ་པོ་དང་ཡོང་འབབ་དམའ་བའི་དུད་ཚང་ལ་ཆ་སྙོམས་བྱས་ན་འབབ་འཕར་སྒོར་ཁྲི་1.2བྱུང་ཡོད་པ་རེད།

ཁ་གཏད་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་ད་དུང་ས་མེད་འདེབས་གསོ་འདེབས་འཛུགས་ལག་རྩལ་སྤྱད་པའི་ཁར། མ་དངུལ་སྒོར་ཁྲི་5499.2བཏང་སྟེ་དེང་རབས་ཀྱི་སྒྲིག་བཀོད་ཞིང་ལས་ར་བ་བསྐྲུན་ནས། རྩིང་ལས་ཅན་གྱི་ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་སྟངས་ལ་འགྱུར་ལྡོག་བཏང་བས་དེ་སྔོན་གྱི་གྲམ་ཐང་ད་ཆ་ཞིང་ས་གཤིན་པོར་གྱུར་ཡོད། (ཚེ་ལྷས་བསྒྱུར། སྤེན་ཚེས་ཞུས)