《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月06日

མང་ཚོགས་དོན་དུ་དཀའ་བ་སྤྱད། ཀུན་གྱི་གདེང་འཇོག་བཟང་པོ་ཐོབ།

—— སྙེ་མོ་རྫོང་གཞུ་སྨད་གྲོང་ཚོའི་ཧྲུའུ་ཅི་དང་པོ་མོང་ལེའོ་ཁུའོ་ཡི་སྐོར་བཀོད་པ།

གཞུ་སྨད་གྲོང་ཚོ་ནི་ལྷ་ས་གྲོང་ཁྱེར་གྱི་ཁུལ་ཡོངས་ཡུལ་སྐོར་གྱི་སྐོར་ལམ་ནུབ་མའི་ལམ་ཐིག་གི་མཛེས་སྡུག་ལྡན་པའི་གྲོང་ཚོ་ཞིག་རེད།

2019ལོའི་ལོ་སྟོད་དུ་མོང་ལེའོ་ཁུའོ“1+3”གྱི་ཆེད་བསྐོས་ལས་བྱེད་པ་ཁག་དང་པོ་བྱས་ནས་རྩ་འཛུགས་ཀྱིས་གཞུ་སྨད་ཤང་གཞུ་སྨད་གྲོང་ཚོའི་ཧྲུའུ་ཅི་དང་པོར་མངགས། གཞུ་སྨད་གྲོང་ཚོར་སླེབས་རྗེས། མོང་ལེའོ་ཁུའོ་ཡིས་གྲོང་ཚོ་དང་གྲོང་མིའི་གནས་ཚུལ་རྒྱུས་ལོན་ཆེད། ཆེད་མངགས་སྦག་སྦག་ཅིག་ཉོས་པ་རེད། སླེབས་མ་ཐག་གི་ཟླ་གཉིས་རིང་། མོང་ལེའོ་ཁུའོ་ཡིས་སྦག་སྦག་བཏང་སྟེ་གྲོང་ཚོ་ཡོངས་ཀྱི་གྲོང་མིའི་ཚོགས་ཆུང་5རུ་བསྐྱོད་པ་མ་ཟད། དུད་ཚང་དབུལ་པོ་28ཀྱི་ཁྱིམ་དུ་བསྐྱོད་དེ་ཁོང་ཚོའི་དབུལ་སྒྲོལ་སྲ་བརྟན་གྱི་གནས་ཚུལ་ཤེས་རྟོགས་བྱས་པ་རེད། དེའི་རིང་ཁོང་གི་གཟུཌ་པོ་རྒྱ་མ་12ཙམ་སྐམ་དུ་ཕྱིན་པའི་ཁར། ངོ་གདོང་ཡང་ཇེ་ནག་ཏུ་ཕྱིན་པ་རེད།

གཞུ་སྨད་གྲོང་ཚོའི་ཧྲུའུ་ཅི་དང་པོའི་འགན་ཁུར་རྗེས་མོང་ལེའོ་ཁུའོ་ཡིས་གཞུ་སྨད་གྲོང་ཚོའི་ཞིང་ལས་འཕྲུལ་ཆས་དང་ཡོ་བྱད་མཉམ་ལས་ཁང་འཛུགས་རྒྱུར་མུ་མཐུད་སྐུལ་འདེད་བཏང་བ་དང་2019ལོའི་སྟོན་རྨོད་བྱེད་རིང་། གཞུ་སྨད་གྲོང་ཚོ་ཆ་དགའ་ཞིང་ལས་འཕྲུལ་ཆས་དང་ཡོ་བྱད་མཉམ་ལས་ཁང་གིས་ད་ཡོད་ཀྱི་ཐོ་ཕྲུག་4དང་འབྲེལ་ཡོད་ལེ་ལག་སྒྲིག་ཆས་ལ་བརྟེན་ནས་ཟླ་བ་གཅིག་ལྷག་རིང་མུའུ་2300ལྷག་ཙམ་རྨོས་པར་ཡོང་འབབ་སྒོར་ཁྲི་12རག་པ་དང་། དབུལ་པོ་ལས་བསྒྲལ་བའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་14ཡི་སྣེ་ཁྲིད་དེ། དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་6400ཡན་རག་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་བཏང་བ་རེད།

“གྲོང་ཚོའི་ཧྲུའུ་ཅི་དང་པོ་ཡིན་པའི་ངོས་ནས་གྲོང་ཚོའི་མི་ཆིག་སྟོང་ཡོངས་ལ་བདེ་སྐྱིད་འཚོ་བ་གཏོད་པའི་ལས་འགན་ལྕི་པོ་དང་འགན་འཁྲི་ཁུར་ཡོད། རྩ་འཛུགས་ཀྱིས་ང་ལ་ཡིད་ཆེས་དང་མཐོང་ཆེན་བྱས་པ་དང་། མང་ཚོགས་ཀྱིས་ཀྱང་ང་ལ་ཡིད་ཆེས་དང་གདེང་འཇོག་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མི་དམངས་མང་ཚོགས་ཀྱི་བྱམས་བརྩེའི་འཛུམ་དམངས་དང་ལྷག་བསམ་ཟོལ་མེད་ཀྱི་བརྩེ་བས་ང་ལ‘མི་ཡུལ་དུ་བརྩེ་བས་ཁེངས་པའི’ཡིད་ཆེས་སྦྱིན་བྱུང”ཞེས་མོང་ལེའོ་ཁུའོ་ཡིས་གསར་འགོད་པར་བརྗོད།