《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月06日

ལྷ་ས་གྲོང་ཁྱེར་གྲོང་ཁྱེར་དོ་དམ་ཅུས་ཀྱིས།

ཨར་ཁང(མགྲོན་ཁང)གི་ལས་རིགས་མི་སྣར་གད་སྙིཌ་ རིགས་དབྱེའི་གསོ་སྦྱོང་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱི་ཨར་ཁང(མགྲོན་ཁང)ལས་རིགས་འཕེལ་རྒྱས་མྱུར་པོ་དང་གཞི་ཁྱོན་ཟམ་མི་ཆད་པར་རྒྱ་ཆེར་ཕྱིན་པ་དང་བསྟུན་ནས་ཨར་ཁང(མགྲོན་ཁང)ལས་རིགས་ལས་ཐོན་པའི་གད་སྙིགས་ཀྱང་མགྱོགས་མྱུར་མང་དུ་འགྲོ་བཞིན་ཡོད། ཉེ་ཆར། ལྷ་ས་གྲོང་ཁྱེར་གྲོང་ཁྱེར་དོ་དམ་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་ཨར་ཁང(མགྲོན་ཁང)ལས་རིགས་ཀྱི་མི་སྣར་གད་སྙིགས་རིགས་དབྱེའི་གསོ་སྦྱོང་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་སློབ་ཚན་གྱི་ནང་དོན་ཐེངས་མང་མཐུན་སྦྱོར་དང་ལེགས་འདེམས་བྱས་པ་བརྒྱུད། ཞབས་ཞུ་བའི་རྒྱུན་གཏན་གྱི་ལས་དོན་དང་ཨར་ཁང(མགྲོན་ཁང)གི་རྒྱུན་གཏན་དོ་དམ་དང་འབྲེལ་བ་དམ་ཟབ་ཡོད་པའི་ནང་དོན་བདམས་པ་རེད། དཔེར་ན་ཐབ་ཚང་གི་གད་སྙིགས་བླུགས་ས་ཇི་ལྟར་འཇོག་དགོས་མིན་དང་། མགྲོན་པོས་ཟ་མ་ཟས་རྗེས་ཀྱི་གད་སྙིགས་ཇི་ལྟར་རིགས་དབྱེ་བྱེད་དགོས་མིན་སོགས་རེད།

གསོ་སྦྱོང་ནང་ལྷ་ས་གྲོང་ཁྱེར་ཨར་ཁང(མགྲོན་ཁང)གིས་གད་སྙིགས་རིགས་དབྱེའི་ལས་དོན་ཐད་མངོན་གསལ་དོད་ཤོས་ཀྱི་གད་སྙིགས་རིགས་དབྱེའི་དཔེ་དབྱིབས་སྤྱོད་པ་དང་། གད་སྙིགས“ཁག་བཞིར་དབྱེ་བའི”བླང་བྱར་ནན་པོ་གཞིགས་ཏེ་སྒྲིག་ཆས་བཀོད་སྒྲིག་བྱེད་དགོས་པ་སྟེ། ཚུར་བསྡུ་ཆོག་པའི་དངོས་པོ་དང་། གནོད་ཡོད་གད་སྙིགས། ཐབ་ཚང་གད་སྙིགས། གད་སྙིགས་གཞན་དག་བཅས་རིགས་བཞི་རེད། དེ་དང་དུས་མཚུངས། ཨར་ཁང(མགྲོན་ཁང)གི་ལས་མིའི་རྒྱུན་གཏན་གྱི་གསོ་སྦྱོང་ཡག་པོ་བྱས་ནས་ཨར་ཁང(མགྲོན་ཁང)གི་ལས་དོན་མི་སྣ་དང་། དེ་བཞིན་འགྲུལ་པས་འབྱུང་རྩ་ནས་གད་སྙིགས་རིགས་དབྱེ་སྟེ་དབྱུག་དགོས་པའི་ཁྲིད་སྟོན་ཧུར་ཐག་བྱས་པ་རེད།