《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月06日

སྐལ་བཟང་མེ་ཏོག་མཛེས་ཤོས།

དུས་ཡུན་རིང་པོའི་ནང་། ལྷོ་ཁ་གྲོང་ཁྱེར་གྱི་རྒྱ་ཆེའི་བུད་མེད་ཚོ་སྐལ་བཟང་མེ་ཏོག་དང་འདྲ་བར་གངས་ལྗོངས་ཀྱི་མཐའ་མཚམས་སུ་རྩ་བ་བརྟན་པོ་བཙུགས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱས་པས། དུས་རབས་ཀྱི་མིག་དཔེ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་སོགས་བུད་མེད་དཔའ་བོ་ཐོན་ཡོད། ཁོང་ཚོས་དུས་རབས་ཀྱི་གོམ་སྟབས་ཀྱི་རྗེས་སུ་བསྙེགས་ནས་བུད་མེད་ཀྱི་ཉམས་འགྱུར་མངོན་པ་དང་། བུད་མེད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཏེ་ལྷོ་ཁ་གྲོང་ཁྱེར་གྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པ་རེད།

འདི་ནི་སྒྲོལ་དཀར(དཀྱིལ)དང་གཡང་འཛོམས(གཡས)ཀྱིས་དམར་ཕྱིའི་ལུས་དྲོད་བརྟག་ཆས་སྤྱོད་སྟངས་སྦྱོང་བཞིན་པ།