《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月06日

ལྗང་མདོག་འཕེལ་རྒྱས་ཀྱི་སྐུལ་འདེད་ལ་ གཡོ་འགུལ་ཐེབས་མི་རུང་ལ་ལྷོད་ གཡེང་ཡང་གཏོང་མི་རུང་།

དེང་གི་ཆར། ལྷ་ས་གྲོང་ཁུལ་གྱི་སྔོ་ལྗང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་2527ཟིན་པ་དང་། གྲོང་ཁུལ་དུ་སྔོ་ལྗང་ཁེབས་ཚད་36.73%ཟིན་པ། མི་རེའི་ཆ་སྙོམས་སྤྱི་གླིང་གི་རྒྱ་ཁྱོན་སྨི་ངོས་གྲུ་11.9ཟིན་ཡོད། སྔོ་ལྗང་ར་བས་ཀུན་ནས་སྐོར་བཞིན་ཡོད་པ་དེས་མི་སེམས་དགའ་བས་མྱོས། དེ་དང་ཕྱོགས་མཚུངས་སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པ་དང་། ལྗང་མདོག་གི་སྣོད་བཅུད་ཀྱང་ཐོན་སྐྱེད་ནུས་ཤུགས་ལ་འགྱུར་ཞིང་། སྣོད་བཅུད་ཀྱི་ལེགས་ཆའང་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་ནས་ལྗང་མདོག་གི་གཞི་གདན་བཏིང་ཚེ། ད་གཟོད་མཛེས་སྡུག་ཡིད་དུ་འོང་བའི་སྔོ་ལྗང་གི་རི་མོ་ཞིག་འབྲི་ཐུབ།

སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་པ་དེ་རྩ་བའི་ཐོག་ནས་བརྗོད་ན། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ཕན་ཚུན་གཅིག་གྱུར་ནུས་ལྡན་དང་གཅིག་རོགས་གཅིག་ཕན་ཡིན་པ་མ་ཟད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོང་དང་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་བ་ཞིག་རེད། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་ཕུགས་ཀྱི་ཇུས་གཞི་ཡིན་པ་ལས་གནས་སྐབས་ཀྱི་བྱེད་ཐབས་ཤིག་མིན་པས་སྔོ་ཞིང་དྭངས་པའི་རི་ཆུ་སྲུང་སྐྱོང་ལ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་འགོག་རྐྱེན་གང་འཕྲད་ཀྱང་མདུན་དུ་སྐྱོད་དགོས། དཔལ་འབྱོར་འཕེལ་རྒྱས་ལ་དཀའ་ངལ་ཕྲན་བུ་འཕྲད་པ་དེས“སྔོན་མའི་ལམ་བུར་བསྐྱར་ལོག”བྱེད་འདོད་སྐྱེས་ནས་ཁོར་ཡུག་བློས་གཏོང་གི་འདོད་ཚུལ་འཛིན་འགོ་ཚུགས་པ་དེ་ནི་ངལ་བ་འབྲས་མེད་དང་མཇུག་འབྲས་ངན་པ་ཡོང་བའི་གཞི་ཡིན།

ཁོར་ཡུག་ནི་དམངས་འཚོ་དང་། སྤང་རི་ནི་མཛེས་ལྗོངས། དགུང་སྔོན་ནི་བདེ་སྐྱིད་བཅས་རེད། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་། མི་དམངས་མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་ཞིང་མངོན་གསལ་དོད་པའི་ཁོར་ཡུག་གི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ནི་ཁོར་ཡུག་དང་དམངས་འཚོ་ལེགས་སུ་གཏོང་བའི་ཁ་ཚ་དགོས་གཏུག་ཅིག་ཡིན་ལ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་དགོས་མཁོ་ཞིག་ཀྱང་ཡིན། འགག་སྒྲོལ་གྱི་ཤུགས་ཚད་དང་འཕེལ་ཚུལ་རྒྱུན་འཁྱོངས་བྱས་ནས་ཁ་ཐོར་དང་ཟང་ཟིང་ཡིན་པའི་ཁེ་ལས་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ཏེ། ཆུ་དང་། རླུང་ཁམས་ཆེ་མོ། ས་རྒྱུ་སོགས་ཀྱི་སྦགས་བཙོག་འགོག་བཅོས་ལ་ཤུགས་སྣོན་རྒྱག་དགོས། ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྣོད་བཅུད་ཤེས་དཔལ་ལམ་ལུགས་ཀྱི“གདུང་བཞི་ཀ་བརྒྱད”བཙུགས་ཏེ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་འདི་ཉིད་ལམ་ལུགས་ཅན་དང་ཁྲིམས་སྐྱོང་ཅན་གྱི་བགྲོད་ལམ་ནང་བཅུག་སྟེ་ཆེས་ནན་ཤོས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལམ་ལུགས་ལག་ལེན་བསྟར་ནས་གནམ་སྔོན་པོ་དང་། ས་གཞི་སྔོ་ལྗང་། ཆུ་དྭངས་བ་བཅས་ཀྱི་མཛེས་ཤིང་ཡིད་དུ་འོང་བའི་ལྷ་ས་བསྐྲུན་ཕྱིར་རྨང་གཞི་བརྟན་པོ་འདིང་དགོས།