《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月06日

ཏང་ཡོན་དང་བླངས་པས“བཏང་ཐུང་རྒྱུག་མཁན”བྱེད་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་4ཉིན་གནས་ཚུལ་འབྱོར་གསལ། ཉེ་དུས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་བའི་དོན་དངོས་གཞིར་བཟུང་ཁོངས་གཏོགས་ཁུལ་གྱི་ཁྱིམ་དུ་བསྡད་དེ་ལོགས་སུ་འཇོག་པའི་མང་ཚོགས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ“དྲ་ཐོག་ནས་མངགས་ཐོ་འགོད་པ་དང་། སྡེ་ཁུལ་གྱིས་སྐྱེལ་བ། སྒོ་ཁར་རྩིས་རྒྱག་པ”བཅས་ཀྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་དཔེ་དབྱིབས་གསར་པ་འཚོལ་ཞིབ་བྱས་ཤིང་། མིག་སྔའི་བར་ཁྲེང་ཀོན་ཆུས་ཀྱི་ཏང་ཡོན་དང་བླངས་པ་3200ལྷག་ཙམ་གྱིས་རིམ་རྩིས་བརྒྱབ་ན་ཁྱིམ་དུ་བསྡད་དེ་ལོཌ་སུ་འཇོག་པའི་མི་སྣར“མངཌ་ཐོ་རྣམ་པའི”སྒོ་ཁར་ཞབས་འདེགས་ཐེངས་23218ཞུས་པ་རེད།

དྲ་ཐོག་ནས་མངགས་ཐོ་བཀོད་ཚེ་དང་ལེན་བྱེད་མགྱོགས་པ། དྲ་མིག་ཅན་གྱི་དོ་དམ་ལས་དོན་གྱི་དཔེ་དབྱིབས་ལ་བརྟེན་ནས་ཁྲེང་ཀོན་ཆུས་ཀྱིས་ཁེར་རྐྱང་དུ་འཛུགས་པ་དང་མཉམ་འབྲེལ་ཐོག་འཛུགས་པ་སོགས་ཀྱི་བྱེད་སྟངས་སྤྱད་དེ་སྡེ་ལས་ཁུལ་ཆུང་གི་ཁྱིམ་དུ་བསྡད་དེ་ལོགས་སུ་འཇོག་པའི་མི་སྣའི་སྐད་འཕྲིན་ཚོགས་པ་བཟོས་པ་རེད། ཁྱིམ་དུ་བསྡད་དེ་ལོགས་སུ་འཇོག་པའི་མི་སྣས་སྐད་འཕྲིན་ཚོགས་པའི་ནང“མངགས་ཐོ་འགོད་པ”དང་ཁྲེང་ཀོན་ཆུས་ཀྱི་ཆེད་དོན(ལས་འགན་གཅིག་ལྕོགས)དྲ་མིག་ལས་དོན་པ་1044ཡིས་སྐར་མ་30ཡི་ནང་དང་ལེན་ཞུ་བའི་བླང་བྱ་གཞིར་བཟུང་དུས་ཐོག་ཏུ་མང་ཚོགས་ཀྱི་དགོས་མཁོ་འཚོལ་བསྡུ་དང་ལེགས་སྒྲིག་བྱས་ཏེ་ཆུ་ཚོད་གཅིག་རེར་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ལ་མངགས་ཐོ་བཀོད་ཚུལ་རེ་སྐྱེལ་གྱི་ཡོད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

སྡེ་ཁུལ་གྱིས་མངགས་ཐོ་མགྱོགས་མྱུར་སྐྱེལ་བ། སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཡིས་ཁྱིམ་དུ་ལོགས་སུ་བཞག་པའི་མི་སྣའི་མངགས་ཐོ་བཀོད་པའི་གནས་ཚུལ་རེ་རེ་བཞིན་ཟིན་ཐོ་བཀོད་དེ་རིགས་དབྱེ་ནས་ཆུ་ཚོད་2ནང་ཚུན་དུ་མངགས་ཐོ་ཚང་མ་སྡེ་ཁུལ་གྱི་གདོང་ལེན་འཕྲལ་སྒྲུབ་རུ་ཁག་དང་། སྟོད་གོས་དམར་པོ། དཔུང་རྟགས་དམར་པོ། ཞྭ་མོ་དམར་པོ་སོགས་ཀྱི་ཏང་ཡོན་དང་བླངས་པའི“བཏང་ཐུང་རྒྱུག་མཁན”ལ་རྩིས་སྤྲོད་ཀྱི་ཡོད།

མི་སེམས་དྲོ་བར་བྱེད་པ། སྡེ་ཁུལ་གྱི་ཏང་ཡོན་དང་བླངས་པས་མངགས་ཐོ་བླངས་རྗེས་དངོས་རྫས་ཉོ་སྒྲུབ་ཀྱི་མངགས་ཐོར་གཞིགས་ནས་འཕྲལ་མ་ཉིད་དུ་ཚོང་ར་ཆེ་གྲས་དང་སྒོ་རྩིས་ཚོང་ཁང་དུ་བསྐྱོད་དེ“མངགས་ཐོའི”རེ་འདུན་ལ་ནན་པོ་གཞིགས་ཏེ་ཉོ་སྒྲུབ་བྱེད་པ་དང་དངོས་རྫས་ཀྱི་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྤུས་དག་གོང་ཁེ་ཡོང་ཐབས་བྱེད་པ་དང་འབྲེལ་མགྱོགས་མྱུར་སྒོ་རྩར་སྐྱེལ་བ་དང་། དངོས་རྫས་སྦྲག་བསྐུར་དང་། དངུལ་བཅོལ་ལེན། སེམས་གསོ་གཏོང་བ། གཱ་དང་ལག་ཁྱེར་བཟོ་བ་སོགས་རང་གཤིས་ཅན་གྱི་དགོས་མཁོ་གཞིར་བཟུང་རྒྱ་ཆེའི་ཏང་ཡོན་དང་བླངས་པས་མི་སྒེར་གྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་ཆེད་ལས་ཀྱི་དགེ་མཚན་དང་ཟུང་འབྲེལ་བྱས་ཏེ“ཚབ་གཉེར”ཞབས་འདེགས་ཞུ་བཞིན་ཡོད། དུས་མཚུངས་གནས་སྐབས་དགོས་མཁོ་སྐོང་མི་ཐུབ་པའི་མངགས་ཐོ་ཡོད་ཕྱིན་ཁྱིམ་དུ་ལོགས་སུ་བཞག་པའི་མི་སྣར་འཕྲལ་མ་ཉིད་དུ་འགྲེལ་བཤད་ཡག་པོ་རྒྱག་པ་སོགས་བྱེད་ཀྱི་ཡོད་པ་རེད།

(བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་དང་ཚེ་ཁོས་ཞུས)