《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月06日

སྤེན་པ་བཀྲ་ཤིས་ཀྱིས་བོད་ལྗོངས་མཛེས་རྩལ་ཁང་གྲབས་འཛུཌ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་4ཉིན་གནས་ཚུལ་འབྱོར་གསལ། ཚེས་4ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཀྱིས་བོད་ལྗོངས་མཛེས་རྩལ་ཁང་གྲབས་འཛུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་བོད་ལྗོངས་མཛེས་རྩལ་ཁང་གི་རྣམ་གྲངས་ལས་འགོ་འཛུགས་སྐྲུན་གྱི་གྲ་སྒྲིག་ལས་དོན་ཁག་གི་སྙན་སེང་གསན་པ་དང་འབྲེལ། གོམ་སྟབས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་ཀྱང་གནང་བ་རེད།

སྤེན་པ་བཀྲ་ཤིས་ཀྱིས་བླང་བྱ་བཏོན་གནང་དོན། གཅིག་ནས་ཚད་མཐོའི་མཐོང་ཆེན་བྱས་ཏེ་བསམ་བློ་དང་བྱ་སྤྱོད་བོད་ལྗོངས་མཛེས་རྩལ་ཁང་འཛུགས་སྐྲུན་བྱེད་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བླང་བྱ་ཁག་གི་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། ལས་འགོ་འཛུགས་རྒྱུར་དམ་འཛིན་བྱས་ཏེ། ཟླ་3ཚེས་20ཉིན་གྱི་ཡས་མས་སུ་ལས་འགོ་འཛུགས་པ་དང་སང་ལོའི་ཟླ་7པར་སྐྲུན་དངོས་ཨ་མ་བསྐྲུན་ནས་སྒོ་འབྱེད་རྒྱུའི་འགན་ལེན་བྱེད་དགོས། གཉིས་ནས་སྤུས་ཚད་འགན་ལེན་གྱིས་དོ་བདག་དང་། སྐྲུན་མཁན། ཨར་སྐྲུན་པ་སོགས་ཕྱོགས་ཁག་གི་སྤུས་ཚད་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས་གོ་རིམ་གྱི་འགག་སྒོ་དང་། རྒྱུ་ཆའི་འགག་སྒོ། ལག་རྩལ་གྱི་འགག་སྒོ། བཟོ་རྩལ་གྱི་འགག་སྒོ། ཞིབ་བཤེར་རྩིས་ལེན་གྱི་འགག་སྒོ་བཅས་ཡག་པོ་སྲུང་དགོས། གསུམ་ནས་ཨར་ལས་ཀྱི་འཕེལ་རིམ་མགྱོགས་སུ་བཏང་ནས་ལམ་ལུགས་དང་སྒྲིག་སྲོལ་ནན་པོ་གཞིར་བཟུང་ལས་དོན་བསྒྲུབས་ཏེ། རྣམ་གྲངས་འཛུགས་སྐྲུན་ལས་རིམ་དང་མཐུན་དགོས་ལ། ཨར་ལས་ལའང་འཐུས་ཤོར་མི་ཡོང་བ་བྱེད་དགོས། བཞི་ནས་བདེ་འཇགས་འགན་ལེན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་མི་སྣ་བདེ་འཇགས་དང་ཨར་ལས་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས། ལྔ་ནས་གཞོགས་འདེགས་དམ་ཟབ་བྱས་ནས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ལྷ་ས་གྲོང་ཁྱེར་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མཉམ་ཤུགས་ཤིག་ཆགས་པར་བྱས་ཏེ། ལས་དོན་ཁག་དང་ལྷུ་ཚིགས་ཁག་གི་འབྲེལ་མཐུད་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས། དྲུག་ནས་སྤྱི་འདོམས་སྐུལ་འདེད་བཏང་སྟེ་འགྲེམས་སྟོན་འཆར་འགོད་དང་འགྲེམས་དངོས་ཉར་ཚགས་བསྡུ་རུབ་སོགས་ཀྱི་ལས་དོན་ཁག་དུས་ཚོད་དམ་འཛིན་གྱིས་སྤེལ་དགོས།