《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月05日

ཆབ་མདོ་གྲོང་ཁྱེར་གྱིས་དམངས་འཚོའི་ཚོང་ཟོག་གལ་ཆེན་གྱི་མཁོ་སྤྲོད་འགན་ལེན་བྱས་པ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་3ཚེས་3ཉིན་གློག་འཕྲིན་འབྱོར་གསལ། “འགན་ལེན་བརྒྱད་དང་བརྟན་པོ་གཅིག”གི་ལས་ཀའི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱ་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་སྲིད་གཞུང་གི་སྙོམས་སྒྲིག་དང་ཁྲོམ་རའི་སྙོམས་སྒྲིག་ཟུང་འབྲེལ་མཐའ་འཁྱོངས་ཀྱིས“ཤ་ཚལ་སྒོང”གསུམ་གྱི་ཐོན་སྐྱེད་མཁོ་སྤྲོད་འགན་ལེན་དང་། “ལྗང་མདོག་བགྲོད་ལམ”ཤར་གཏོང་། སྲིད་ཇུས་ཁག་དོན་འཁྱོལ་གྱིས་རྨང་གཞི་འགན་ལེན་སོགས་ཀྱི་བྱེད་ཐབས་བརྒྱུད། རིམས་ནད་ཐོན་རིང་གི་དམངས་འཚོའི་དངོས་ཟོག་གལ་ཆེན་གྱི་མཁོ་སྤྲོད་འགན་ལེན་དང་ཟོག་གོང་བརྟན་པོའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་གྲོང་ཁྱེར་ཡོངས་ཀྱི་ཞིང་ནང་སྔོ་ཚལ་གྱི་རྒྱ་ཁྱོན་མུའུ་1063ཙམ་ཡོད་པ་དང་སྔོན་དཔག་བྱས་ན་ཟླ་གཅིག་གི་ནང་ཚུན་དུ་སྔོ་ཚལ་ཏུན་222.3བསྡུ་ཐུབ་ཀྱི་ཡོད། གྲོང་ཁྱེར་ཡོངས་ཀྱི་གསོ་ཚགས་ར་བ་ཁག་གིས་ཕག་པ་མགོ་གྲངས་ཁྲི་1.4དང་འབྲི་གཡག་མགོ་གྲངས་1500ཡོད་པས་ཆབ་མདོའི་མི་རིགས་ཁག་གི་མི་དམངས་ཀྱི་དུས་ཡུན་རིང་པོའི་འཚོ་བའི་དགོས་མཁོ་བསྐང་ཐུབ་ཀྱི་ཡོད། གྲོང་ཁྱེར་ཡོངས་ཀྱི་གོང་འཚམ་སྔོ་ཚལ་ཐད་ཚོང་ཁང་ཁག་གི་སྔོ་ཚལ་དང་ཤིང་འབྲས་ཀྱི་སྣ་ཁ་ཧ་ཅང་འཛོམས་པོ་ཡོད་པ་མ་ཟད། དངོས་ཟོག་གི་རིན་གོང་བརྟན་པའི་རྣམ་པའང་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

(པད་ཆོས་ཀྱིས་བསྒྱུར། ཉི་དོན་དང་པད་ཆོས་ཀྱིས་ཞུས)