《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月05日

པར་རིས་གསར་འགྱུར།

ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ཁོངས་གཏོགས་འགན་འཁྲི་བརྟན་དུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྱིས་དམིགས་འཛུགས་ལོགས་སུ་བཞག་ནས་ལྟ་ཞིབ་བྱ་ཡུལ་གསོལ་མགྲོན་ཁང་ལ་གྲོང་ཁྱེར་ཐད་གཏོགས་ཚན་པའི་ཁག་བགོས་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་ཅིང་། སྨན་དོན་མི་སྣ་དང་། འགན་ལེན་མི་སྣ། སྤྱི་བདེ་མི་དམངས་ཉེན་རྟོག་པ་བཅས་ཀྱིས་ཉིན་མཚན་དབྱེར་མེད་དུ་ལས་གནས་བརྟན་སྲུང་གིས་ལོགས་སུ་བཞག་ནས་ལྟ་ཞིབ་བྱ་ཡུལ་མི་སྣར་གསོ་རིག་ལྟ་ཞིབ་དང་འཚོ་བའི་འགན་ལེན་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་ལོགས་སུ་འཇོག་གནས་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་ཐུབ་པ་བྱས་པ་རེད།

འདི་ནི་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་ཀྲེ་བོད་རྒྱལ་སྤྱིའི་གསོལ་མགྲོན་ཁང་དུ་ལས་དོན་མི་སྣས་ལོགས་སུ་བཞག་ནས་ལྟ་ཞིབ་བྱེད་མཚམས་བཞག་པའི་མི་སྣའི་ཆ་འཕྲིན་ཐོ་འགོད་བྱེད་བཞིན་པ།