《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月05日

ཁང་པ་གསར་པ། ལས་ཀ་གསར་པ། འཚོ་བ་གསར་པ།

—— རྣམ་གླིང་རྫོང་གི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་ བྱ་ཡུལ་གྱི་མཐོང་ཐོས།

ཟླ་2ཚེས་27ཉིན་ནི་བོད་ཀྱི་ལོ་གསར་ཚེས་བཞི་ཡིན་པ་དང་རྣམ་གླིང་རྫོང་མཁར་རྩེ་ཤང་ཕུ་ཞིང་གྲོང་ཚོའི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱ་ཡུལ་གྱི་མང་ཚོགས་ཉི་མ་ཚེ་རིང་གི་ཁྱིམ་དུ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་ཅིང་། བརྙན་འཕྲིན་འཕྲུལ་འཁོར་མདུན་དུ་ནང་མི་བཞི་པོས་ལུས་ལ་དུས་ཆེན་གྱི་གཟབ་མཆོར་སྤྲས་ཏེ་སྙན་འཇེབས་ལྡན་པའི་གླུ་དབྱངས་ལེན་པ་དང་སྤྲོ་སྣང་དོད་པའི་ཞབས་བྲོ་འཁྲབ་བཞིན་ཕན་ཚུན་སྨོན་འདུན་ཞུས་པས་བཀྲ་ཤིས་པའི་རྣམ་པ་ཞིག་མངོན།

ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་ལོ་གསར་ཚེས་བཞིར་གཉེན་ཉེ་མཉམ་འཛོམས་བྱེད་ཐུབ་མེད་མོད། འོན་ཀྱང་དེ་ལས་ཉི་མ་ཚེ་རིང་ཁྱིམ་གྱིས་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་བསམ་པར་ཤུགས་རྐྱེན་གང་ཡང་ཐེབས་མེད། “འདི་ལོ་ནི་ཁྱིམ་གསར་དུ་སྤོས་པའི་ལོ་གསར་གཏོང་ཐེངས་དང་པོ་དེ་ཡིན་པ་དང་ང་ཚོས་ཆེས་སྙན་འཇེབས་ལྡན་ལ་སྤྲོ་སྣང་དོད་པའི་གླུ་གར་འཁྲབ་གཏོང་བྱེད་བཞིན་བསམ་ཚུལ་མཚོན་པ་བྱ་རྒྱུ་ཡིན”ཞེས་ཉི་མ་ཚེ་རིང་གིས་གད་མོ་དགོད་བཞིན་བཤད།

ཉི་མ་ཚེ་རིང་གིས་གསར་འགོད་པར་དེ་སྔ་ངའི་ཁྱིམ་ནི་མཁར་རྩེ་ཤང་ཕོ་བྲང་སྒང་གྲོང་ཚོའི་རི་ཁུག་ཅིག་ཏུ་ཡོད་པ་དང་ས་ཕག་གི་ཁང་པ་ཡིན་སྟབས་དབྱར་དུས་སྐབས་རེ་ཐིགས་པ་རྒྱག་པ་དང་འཐུང་ཆུ་ནི་ཉེ་འགྲམ་གྱི་གཙང་པོ་ནས་སྒལ་པར་ཁུར་ཏེ་ལེན་དགོས་པས་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་ཅེས་བཤད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

ན་ནིང་ཟླ་9པར་ཉི་མ་ཚེ་རིང་ཁང་པ་གསར་པར་སྤོས་པ་དང་ཞིང་ཆེན་ལམ་དང་ཧ་ཅང་ཉེ་པོ་ཡོད། “ད་ཆ་ཁྱིམ་དུ་ཆུ་གློག་དང་ཁྱིམ་ཆས་གང་མཁོ་ཅི་འཛོམས་ཡོད་ལ་འགྲིམ་འགྲུལ་ཡང་ཧ་ཅང་སྟབས་བདེ་པོ་འདུག རིམས་ནད་ཞི་ལྷོད་དུ་སོང་རྗེས་ང་རང་རྫོང་གྲོང་དུ་ལས་ཀ་འཚོལ་བར་འགྲོ་རྩིས་ཡོད”

ཁང་པ་གསར་པར་སྤོས་རྗེས་བདེ་སྡོད་དགོས་ལ་ལས་བརྩོན་དེ་བས་དགོས། རྣམ་གླིང་གྲོང་རྡལ་གྲམ་འགོ་གྲོང་ཚོར་གསར་འགོད་པར་གྲོང་མི་བུ་ཆུང་འཕྲད་པ་དང་ཁོང་གིས་རང་ཁྱིམ་གྱི་མི་རིགས་གྱོན་གོས་ལས་སྣོན་མཉམ་ལས་ཁང་ལས་འགོ་བསྐྱར་འཛུགས་ལས་ལ་བྲེལ་བཞིན་ཡོད།

བུ་ཆུང་ནི་ལག་ཤེས་སྒྱུ་རྩལ་པ་རྒན་གྲས་ཤིག་ཡིན་པ་དང་མི་རིགས་ཀྱི་གྱོན་གོས་བཟོ་བའི་ལག་རྩལ་བྱང་ཆུབ་ཅིང་། དེ་སྔ་བུ་ཆུང་གི་ཁྱིམ་ནི་རྣམ་གླིང་གྲོང་རྡལ་པད་མ་སྟེང་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཡིན་པ་དང་། བུ་ཆུང་གིས་བོད་ཆས་བཟོས་པའི་ཡོང་འབབ་ཕྲན་བུ་དང་གླ་པ་རྒྱུག་པའི་ཡོང་འབབ་ལ་བརྟེན་ནས་ནང་མི་ལྔ་པོའི་ལྟོ་གོས་འཕྱིད་ཙམ་ལས་མེད་ལ། ནང་མི་ཚང་མ་བོད་བཟོའི་སོ་ཕག་ཁང་པ་གོག་ཧྲུལ་ཞིག་ནང་སྡོད་ཀྱི་ཡོད།

2019ལོའི་ཟླ་3པར་བུ་ཆུང་གི་ནང་མི་གྲམ་འགོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་དུ་སྤོས་པ་དང་། བུ་ཆུང་གིས་མ་དངུལ་གྲབས་གསོག་བྱས་ཏེ་མི་རིགས་གྱོན་གོས་ལས་སྣོན་མཉམ་ལས་ཁང་ཞིག་བཙུགས་པ་མ་ཟད། ད་དུང་དགེ་ཕྲུག་ཀྱང་ཁྲིད། ལོ་གཅིག་འདས་རྗེས་མཉམ་ལས་ཁང་གི་ཁེ་གཙང་ཡོང་འབབ་སྒོར་ཁྲི་2.5བྱུང་བའི་ཁར། གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་གཞན་དག་ཡོད་སྟབས། བུ་ཆུང་དབུལ་སྒྲོལ་ཐུབ་པ་རེད།

བཞོན་མ་གསོ་ཚགས་མཉམ་ལས་ཁང་གི་རྣམ་གྲངས་ནི་གནས་སྤོ་བྱ་ཡུལ་གྱི་ལེ་ལག་ཚང་བའི་ཐོན་ལས་རྣམ་གྲངས་གྲས་ཤིག་རེད། རྣམ་གླིང་རྫོང་གིས་ཕྱོགས་མང་པོའི་ཐད་ནས་འབྲེལ་གཏུག་བྱས་པ་བརྒྱུད་གནས་སྤོས་དུད་ཚང་མི་རེ་ངོ་རེར་སྤུས་ལེགས་བཞོན་མ་རེ་ཉོ་རྩིས་ཡོད་པ་དང་འབྲེལ་གནས་སྤོས་དུད་ཚང་རེ་རེས་སྤུས་ལེགས་བཞོན་མ་རེ་མ་རྐང་ནང་ཞུགས་པའི་བྱེད་སྟངས་ལ་བརྟེན་ནས་གསོ་ཚགས་མཉམ་ལས་ཁང་བཙུགས་ནས་གནས་སྤོས་མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད། མིག་སྔར་སྤུས་ལེགས་བཞོན་མ་940བདམས་ནས་གནས་སྤོས་གྲོང་ཚོར་གཅིག་རྗེས་གཉིས་མཐུད་ངང་དབོར་བཞིན་ཡོད། གནས་སྤོས་མང་ཚོགས་ཀྱིས་བཞོན་མ་གསོ་ཚགས་མཉམ་ལས་ཁང་སྔ་ཙམ་འཁོར་རྒྱུག་ཐུབ་པའི་རེ་སྒུག་བྱེད་བཞིན་ཡོད་པ་རེད།

ཤངས་ཆུ་རྒྱུག་ཁུལ་གྱི་རྣམ་གླིང་རྫོང་དུ་ས་ཞིང་མུའུ་5791.19ཚང་མ་ཁོད་སྙོམས་ཟིན་ནས་སྔོན་དཔག་བྱས་ན་ཟླ་4པའི་ཟླ་འགོར་ཞིང་ནང་གི་ཡུར་བུ་སོགས་རྨང་གཞིའི་སྒྲིག་བཀོད་ཕྱོགས་ཡོངས་ནས་བསྐྲུན་ཟིན་རྒྱུ་དང་འཆར་གཞི་ལྟར་ན་སྣེ་འདྲེན་ཁེ་ལས་དང་། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་འབྲེལ་བའི་དཔེ་དབྱིབས་དང་གནས་སྤོས་གྲོང་ཚོའི་མཉམ་སྡེབ་མཉམ་ལས་ཁང་གི་རྣམ་པ་སྤྱད་དེ་འབྲེལ་ཡོད་འདེབས་འཛུགས་ཁེ་ལས་ནང་འདྲེན་བྱས་ནས། སྔོ་ཚལ་སོགས་དཔལ་འབྱོར་སྐྱེ་དངོས་འདེབས་འཛུགས་ཤུགས་ཆེན་བྱས་པ་ལས་གནས་སྤོས་མང་ཚོགས་ལ་ས་ཞིང་རྐང་ཞུགས་ཀྱི་ཁེ་སྤོགས་བགོ་རྒྱུ་ཡོད་པ་མ་ཟད་གླ་པ་རྒྱུགས་ནས་འབབ་འཕར་མངོན་འགྱུར་ཐུབ་རྒྱུ་རེད།

ལོ་གསར་པར་རྣམ་གླིང་རྫོང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་སྦྲགས། ཡུལ་དེའི་མང་ཚོགས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་འགྲོ་ངེས་རེད། (བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་དང་ཚེ་ཁོས་ཞུས)