《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月04日

སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་མཐོ་ཚད་གསར་པ་ཞིག་ཏུ་སྐུལ་འདེད་གཏོང་དགོས།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་རྗེས། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཡོངས་ཀྱི་བསམ་བློ་ཀུན་སྤྱོད་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་སྐོང་བའི་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་ཞིག་ཏུ་གྱུར་ཡོད། བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རིང་ཐབས་མང་མཉམ་སྤྱོད་བྱས་ཏེ། སྤྱི་དམངས་ཀྱི་ཀུན་སྤྱོད་བྱང་ཚད་དང་སྤྱི་ཚོགས་ཤེས་དཔལ་གྱི་ཚད་གཞི་མཐོ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས།

སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་མཐོ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བར། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་སྒོ་གཏིང་ཟབ་ཏུ་གཏོང་དགོས་ཤིང་། དང་བླངས་ཞབས་ཞུའི་ལས་དོན་རྒྱ་ཁྱབ་ཏུ་སྤེལ་ཏེ་ལུའེ་ཧྥུང་ལ་སློབ་སྦྱོང་གི་བྱེད་སྒོ་དང་ཀུན་སྤྱོད་དཔེ་བཟང་སློབ་སྦྱོང་དང་དྲིལ་བསྒྲགས་རྒྱུན་རྣམ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་གཏོང་བ། དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། མི་རྣམས་ལ་ཡར་ཐོན་བརྩོན་ལེན་ཧུར་ཐག་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱེད་པར་ཁྲིད་སྟོན་བཅས་བྱེད་དགོས།

སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་མཐོ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བར། ཤེས་དཔལ་སྲོལ་གཏོད་གཙོ་གནད་ལས་དོན་ནང་མཉམ་འདྲེས་ཐུབ་པར་བྱེད་དགོས་ཤིང་། སྣ་མང་ཕུན་སུམ་ཚོགས་པའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་གི་བྱེད་སྒོ་སྤེལ་ནས་སྤྱི་དམངས་ཀྱི་ཤེས་དཔལ་བྱང་ཚད་མཐོ་རུ་དང་གྲོང་ཁྱེར་གྱི་ཤེས་དཔལ་གྱི་ཚད་གཞི་མཐོ་རུ་གཏོང་དགོས། གཞི་རྩའི་ཀུན་སྤྱོད་ཚད་གཞི་ཁྱབ་གདལ་གཏོང་བ་ནས་འགོ་བཙུགས་ཏེ། སྤྱི་ཚོགས་ཀྱི་ཀུན་སྤྱོད་དང་། ལས་རིགས་ཀྱི་ཀུན་སྤྱོད། ཁྱིམ་ཚང་གི་སྤྱོད་བཟང་། མི་སྒེར་གྱི་གཤིས་སྤྱོད་བཅས་གསོ་སྐྱོང་བྱ་རྒྱུར་སྣང་ཆེན་བྱེད་དགོས།

སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་མཐོ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བར། དུས་རབས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ཚད་བརྒལ་ས་གནད་ལ་འཁེལ་པོས་འཚོལ་དགོས་ཤིང་། ལས་དོན་སྤེལ་བའི་མགོ་ནས་མཇུག་བར་དུ་ཀུན་སྤྱོད་སློབ་གསོ་ཁྱབ་པར་བྱས་ཏེ། མི་དམངས་མང་ཚོགས་ལ་ཚན་རིག་དང་མཐུན་པ་དང་། ཤེས་དཔལ། སྐྱོན་བྲལ་བཅས་ཀྱི་འཚོ་བ་སྐྱེལ་སྟངས་དང་སྤྱོད་ལམ་གྱི་གོམས་གཤིས་ཤིག་འཇགས་པར་བྱས་ནས་མི་དམངས་མང་ཚོགས་ཀྱི་རིག་གནས་ཚད་གཞི་མཐོ་རུ་གཏོང་དགོས།

སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་མཐོ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བར། དང་བླངས་ཞབས་ཞུའི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་དགོས་ཤིང་། “ལུའེ་ཧྥུང་ལ་སློབ་སྦྱོང་བྱེད་པ་དང་། གཞན་ལ་ལེགས་སྐྱེས་འབུལ་བ། རང་ཉིད་ཡར་རྒྱས་ཡོང་བ”བཅས་ཀྱི་དང་བླངས་ཞབས་ཞུའི་འདུ་ཤེས་བརྟན་པོ་ཞིག་བཙུགས་ཏེ། སྤྱི་ཚོགས་ཡོངས་སུ“ཁོམ་པ་བྱུང་དུས་དང་བླངས་པ་བྱེད་པ་དང་། དཀའ་ངལ་འཕྲད་དུས་དང་བླངས་པ་འཚོལ་བའི”སྣང་ཚུལ་ཡག་པོ་ཞིག་ཆགས་པ་བྱེད་དགོས། མི་གཞན་དང་། སྤྱི་ཚོགས། རང་བྱུང་བཅས་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་དང་བླངས་ཞབས་ཞུའི་སྤུས་རྟགས་ཀྱི་རྒྱ་སྟོབས་ཆེ་རུ་བཏང་ནས་མི་དེ་བས་མང་བ་དང་བླངས་ཞབས་ཞུའི་བྱེད་སྒོའི་ནང་ཞུགས་རྒྱུའི་ཁྲིད་སྟོན་བྱེད་དགོས།

(སྤེན་ཚེས་བསྒྱུར)