《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月04日

བྱ་ཐབས་སྣ་མང་སྤྱད་ནས་ཤེས་དཔལ་གྲོང་ཁྱེར་གཏོད།

—— ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་2019ལོའི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལས་ཀའི་སྐོར་གྱི་སྒྲིལ་གླེང་།

2019ལོར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཤེས་དཔལ་ལྡན་པའི་གྲོང་ཁྱེར་བསྐྲུན་པའི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་དང་། སྤྱི་པའི་ཞབས་ཞུའི་ཆུ་ཚད། གྲོང་མིའི་འཚོ་བའི་སྤུས་ཚད་བཅས་མངོན་གསལ་དོད་པོས་ལེགས་སུ་བཏང་བས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་། གྲོང་མིའི་བྱང་ཚད་དང་སྤྱི་ཚོགས་ཤེས་དཔལ་གྱི་ཚད་གཞི་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད།

གཞི་རྩར་དམ་འཛིན་དང་ནང་དོན་ལ་དམ་འཛིན་བྱས་ཏེ་ཤེས་དཔལ་གྱི“ཐུན་མོང་གི་ངོས་འཛིན་ཆེ་མོ”གཅིག་ཏུ་བསྡུས་ཤིང་། རིམ་ཁག་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སོགས་ཀྱི་ལས་སྟེགས་ལ་བརྟེན་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མི་སེམས་སུ་ཟུག་པར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་བསམ་པའི་དཔལ་ཡོན་སྲོལ་གཏོད་ལས་དོན་གཏིང་ཟབ་སྤེལ་བར་བསམ་བློའི་འགན་ལེན་གལ་ཆེན་མཁོ་འདོན་བྱས་ཡོད། ལྷ་ས་གྲོང་ཁྱེར་གྱི་ཀུན་སྤྱོད་དཔེ་བཟང་འོས་སྦྱོར་བྱེད་སྒོ་སྐབས་བཞི་པ་དང་། “ཁྲེང་ཀོན་གྱི་མི་བཟང”དང“ལྷ་སའི་མི་བཟང”དཔྱད་འདེམས་བྱེད་སྒོ་ནན་ཏན་ངང་སྤེལ་ནས། “དགེ་སྒྲུབ་མིང་བྱང”ཁྱབ་བསྒྲགས་བྱས་ཏེ་ལྷ་ས་གྲོང་ཁྱེར་གྱི་ཀུན་སྤྱོད་དཔེ་བཟང་གི་འོས་མི་4བདམས་པ་དང་། “དགེ་སྒྲུབ་མིང་བྱང”གི་སྔོན་ཐོན་དཔེ་མཚོན་250དཔྱད་འདེམས་བྱས་པ་དང་སྦྲགས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བར་དམིགས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་ཕུགས་འདུན་གྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ནས་གཏམ་རྒྱུད་ཤོད་པ་དང་བྱས་རྗེས་བརྗོད་པའི་སྙན་ཞུའི་ཚོགས་འདུ་བརྒྱུད། “ཉེ་འགྲམ་གྱི་མི་བཟང་ལ་ཚང་མས་སློབ་སྦྱོང་བྱེད་པའི”བྱེད་སྒོ་སྤེལ་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་ལག་བསྟར་ཤུགས་ཆེན་བྱས་ནས་གྲོང་མིའི་ཤེས་དཔལ་བྱང་ཚད་རིམ་བཞིན་མཐོ་རུ་བཏང་བ་རེད།

གཞི་རྟེན་ལ་དམ་འཛིན་དང་བྱེད་སྒོར་དམ་འཛིན་བྱས་ཏེ་ཤེས་དཔལ་གྱི“དར་སྲོལ་གསར་པ”སྣེ་ཁྲིད་བྱས་ཤིང་། གཞི་རྟེན་ལེགས་པོ་བདམས་ནས་རྣམ་པ་སྣ་ཚོགས་ཀྱི་ཤེས་དཔལ་ལག་ལེན་བྱེད་སྒོ་སྤེལ་བ་དང་དེའི་ནང་ཞུགས་པའི་ཞིང་འབྲོག་མང་ཚོགས་ཀྱི་རང་འགུལ་རང་བཞིན་དང་ཧུར་སེམས་སྐོང་འཐེན་གང་ལེགས་བྱས་པ་རེད། རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གྱི་ཚད་ལེན་གདེང་འཇོག་དང་དཔྱད་བསྡུར་གཏན་འབེབས་ཀྱི་མ་ལག་དང་ཚད་གཞིའི་བླང་བྱར་ནན་པོར་གཞིགས་ནས་གཅིག་སྡུད་བཅོས་སྒྲིག་དང་ཕུགས་ཕན་དོ་དམ་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་དང་གྲོང་ཁྱེར་གྱི་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་བཏང་ནས་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་པའི་ཁྲེང་ཀོན་ཆུས་ཀྱི་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་བ་རེད། “གཤམ་སྤེལ་ལྔ་དང་སྡེ་ཁུལ་དུ་སྐྱོད་པ་བཞི”དང་དབུལ་སྒྲོལ་འགག་སྒྲོལ་གྱི“བློ་སྐྱོར་དང་རིག་སྐྱོར”གྱི་གཅིག་སྡུད་དྲིལ་བསྒྲགས་ཞབས་ཞུའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་དུད་ཚང་དུ་བསྐྱོད་དེ་ཞབས་ཞུ་དང་། འོས་འགན་སྨན་བཅོས། ཆ་སྒྲིག་གཉེན་འཚོལ། ལུས་རྩལ་བྱེད་སྒོ་བཅས་སྤེལ་ཏེ་མི་རིགས་ཁག་གི་མང་ཚོགས་ལ་སྲིད་ཇུས་དང་། བཅའ་ཁྲིམས། རྣམ་གྲངས། ཚན་རྩལ་བཅས་དྲིལ་བསྒྲགས་དང་སྨན་བཅོས་བྱེད་པའི་བྱེད་སྒོ་སྤེལ་བས་ཕན་པ་ཐོབ་མཁན་མང་ཚོགས་མི་ཐེངས་6200ལྷག་ཙམ་ཟིན་ཡོད་པ་རེད།

རྨང་གཞིར་དམ་འཛིན་དང་སྤུས་ཚད་ལ་དམ་འཛིན་བྱས་ནས་ཤེས་དཔལ་གྱི“རིམ་སྤོར་པར་གཞི”གཏོད་ཅིང་། གྲོང་ཚོ(སྡེ་ཁུལ)སྒྲིག་འཛུགས་བྱས་ཏེ་གྲོང་མིའི་དོན་གྲོས་ཚོགས་འདུ་དང་། ཀུན་སྤྱོད་དཔྱད་གླེང་ཚོགས་འདུ་འཚོགས་ཏེ། “དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བའི་གྲོང་ཚོ་རིམ་པའི་གྲོས་བསྡུར་ཆེ་མོའི་བྱེད་སྒོ”གཏིང་ཟབ་སྤེལ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་། མི་རིགས་མཐུན་སྒྲིལ། ཞིང་འབྲོག་པའི(གྲོང་ལྷན)བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་སོགས་ནང་དོན་ལ་དམིགས་ཏེ་ཡུལ་སྲོལ་དམངས་ཆིངས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཤེས་དཔལ་གྱི་འདུ་ཤེས་ཁྱབ་སྤེལ་དང་སྲོལ་རྙིང་ལུགས་ངན་དོར་ཏེ་ཤེས་དཔལ་ལྡན་པའི་ཤང་སྲོལ་གཏོད་ཡོད། གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་ལས་དོན་ཏན་ཏིག་སྤེལ་བ་དང་། “གཙང་སྦྲར་སྣང་ཆེན་གྱིས་རྣམ་པར་མཐོང་ཆེན་བྱེད་པའི”བྱེད་སྒོ་དང་། “མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་གཙང་སྦྲའི་བྱ་སྤྱོད”སོགས་ཧུར་ཐག་སྤེལ་བ་དང་གད་སྙིགས་རིགས་དབྱེ་འཚོལ་ཞིབ་ཧུར་ཐག་བྱས་པས་གྲོང་ཚོའི(སྡེ་ཁུལ)ཁོར་ཡུག་གི་རྣམ་པར་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ཡོད།