《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月04日

རང་ལྗོངས་ཀྱི་དངུལ་རྩའི་ཁེ་ལས་ཀྱིས་དམིགས་བསལ་ལས་དོན་དམིགས་བསལ་ངང་སྒྲུབ་པ་དང་སྒོ་རྩར་ཞབས་ཞུ་བྱས་པ།

ཆེད་དངུལ་གཡར་ནས་སྨན་བཅོས་དངོས་ཟོག་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་29ཉིན་གནས་ཚུལ་འབྱོར་གསལ། ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས། རང་ལྗོངས་ཀྱི་དངུལ་རྩའི་ཁེ་ལས་ཀྱིས་རྒྱུན་གཏན་གྱི་ལས་དོན་ལེགས་གྲུབ་བྱེད་པ་དང་དུས་མཚུངས་དམིགས་བསལ་ལས་དོན་དམིགས་བསལ་ངང་བསྒྲུབས་ནས་ཁེ་ལས་ལ་ཆེད་དོན་དངུལ་བུན་གཡར་བར་ཐོགས་མེད་བགྲོད་ལམ་བཏོད་དེ་རང་ལྗོངས་ཀྱི་སྨན་བཅོས་འགོག་སྲུང་དངོས་ཟོག་ཐོན་སྐྱེད་བྱེད་པར་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད་པ་རེད།

ཟླ་2ཚེས་14ཉིན་ཞིང་ལས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས་ཡིད་རྟོན་གྱི་ཐབས་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་འགན་ལེན་ཁེ་ལས་ནང་ཚུད་པའི་བོད་ལྗོངས་ཐན་ཧྲེང་དུག་སེལ་བཟོས་རྫས་ཚད་ཡོད་ཀུང་སིར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངུལ་བུན་ཐོག་མ་བཏང་ནས་སྒོར་ཁྲི་500གཡར་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཐན་ཧྲེང་དུག་སེལ་བཟོས་རྫས་ཚད་ཡོད་ཀུང་སིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོའི་རྐྱེན་པས་དུས་ཐུང་ནང་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་ཉོ་དགོས་པས་དངུལ་ཁང་གི་རྒྱབ་སྐྱོར་འཕྲལ་མཁོ་ཆེན་པོ་ཡོད། ཞིང་ལས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས་གནས་ཚུལ་དེ་ཤེས་རྗེས་གོང་འོག་མཉམ་སྒུལ་དང་། མཉམ་གཤིབ་ལས་སྒྲུབ། དམིགས་བསལ་ལས་དོན་དམིགས་བསལ་ངང་སྒྲུབ་པ་བཅས་བྱས་ནས་ཐོགས་མེད་བགྲོད་ལམ་བཏོད་དེ་ཆུ་ཚོད་10ཡི་ནང་མ་དངུལ་གཡར་ནས་སྔོན་འགོག་ཚོད་འཛིན་གྱི་ཐོན་རྫས་ཐོན་སྐྱེད་བྱེད་པའི་ཀུང་སི་དེའི་དགོས་གཏུགས་ཀྱི་དགོས་མཁོ་བསྐངས་ཡོད་པ་རེད།

ཉེ་ཆར་ཞིང་ལས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་ཁོངས་གཏོགས་ཚན་པ་ཡིན་པའི་ཉིང་ཁྲི་ཡན་ལག་དངུལ་ཁང་ནས་རང་སྐྱོང་ལྗོངས་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ཁེ་ལས་བོད་ལྗོངས་ཆེས་བྲིན་བོད་སྨན་མ་རྐང་ཚད་ཡོད་ཀུང་སིར་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆེད་དོན་དངུལ་བུན་སྒོར་དུང་ཕྱུར་1གཡར་བ་རེད། “དངུལ་བུན་དེ་རག་རྗེས་མིག་སྔར་ང་ཚོར་མ་དངུལ་དཀོན་པའི་གནས་ཚུལ་ཞི་ལྷོད་དུ་ཕྱིན་པ་དང་རིམས་འགོག་གི་དངོས་ཟོག་ཐོན་ནུས་ཀྱང་མུ་མཐུད་ཆེ་རུ་འགྲོ་ཐུབ”ཅེས་བོད་ལྗོངས་ཆེས་བྲིན་མ་རྐང་ཚད་ཡོད་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་བཤད།

ཉེ་ཆར། ཞིང་ལས་དངུལ་ཁང་ནག་ཆུ་ཡན་ལག་དངུལ་ཁང་གིས་ནག་ཆུའི་དམངས་ཕན་སྨན་ཁང་ལ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆེད་དོན་ཡིད་རྟོན་དངུལ་བུན་སྒོར་ཁྲི་500བདེ་བླག་ངང་བཏང་ཡོད། དེ་ནི་རིམས་ནད་ཐོན་ཚུན་ནག་ཆུ་གྲོང་ཁྱེར་དངུལ་རྩའི་སྒྲིག་གཞིས་བདེ་བླག་ངང་བཏང་བའི་ཆེད་དོན་དངུལ་བུན་དང་པོ་དེ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ལས་དངུལ་ཁང་ནག་ཆུ་ཡན་ལག་དངུལ་ཁང་གིས་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དང་མི་དམངས་དངུལ་ཁང་ནག་ཆུ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གི་རིམས་འགོག་བྱེད་རིང་གི་གཙོ་གནད་རྒྱབ་སྐྱོར་བྱ་ཡུལ་ཚོང་ཤག་གི་མིང་ཐོ་འབྱོར་རྗེས་རང་འགུལ་ངང་འབྲེལ་མཐུད་དང་སྒོ་རྩར་བསྐྱོད་ནས་ཞབས་ཞུ་བསྒྲུབས་ཡོད། ཚོང་ཤག་དང་འབྲེལ་མཐུད་ཡག་པོ་བྱེད་པ་ནས་བདག་སྤྲོད་བརྟག་ཞིབ་དང་། ཞིབ་དཔྱད། ཞིབ་མཆན་འགོད་པ། བདེ་བླག་ངང་དངུལ་བུན་གཏོང་བ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཆུ་ཚོད་24འགོར་གྱི་མེད་པ་རེད།