《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月04日

ས་མཐོའི་ལྕགས་ལམ་བདག་སྐྱོང་པ།

ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཉིས་ཚོགས་པའི་ལྕགས་ལམ་བདག་སྐྱོང་ལས་གྲྭ་ཚད་ཡོད་ཀུང་སིས་བོད་ཀྱི་མཚོ་བོད་ལྕགས་ལམ་དང་ལྷ་གཞིས་ལྕགས་ལམ་བདག་སྐྱོང་གི་ལས་འགན་འཁུར་ཡོད། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན་ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཉིས་ཚོགས་པའི་ལྕགས་ལམ་བདག་སྐྱོང་ལས་གྲྭ་ཚད་ཡོད་ཀུང་སིའི་བཟོ་པ་ཚོས་རྒྱ་མཚོའི་ངོས་ལས་ཆ་སྙོམས་མཐོ་ཚད་སྨི་4500ཡན་གྱི་ལས་གནས་བརྟན་སྲུང་བྱས་ནས། བོད་ཀྱི་དངོས་ཟོག་དབོར་འདྲེན་དང་འགྲུལ་པ་སྐྱེལ་འདྲེན་གྱི་ལས་དོན་བདེ་བླག་ངང་བསྒྲུབ་རྒྱུར་འགན་ལེན་བྱས་ཡོད།

◀ འདི་ནི་ཟླ་3ཚེས་1ཉིན་ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཉིས་ཚོགས་པའི་ལྕགས་ལམ་བདག་སྐྱོང་ལས་གྲྭ་ཚད་ཡོད་ཀུང་སིའི་བཟོ་པས་མཚོ་བོད་ལྕགས་ལམ་གཉན་ཆེན་ཐང་ལྷའི་ལམ་རྒྱུད་དུ་ལས་ཀ་བྱེད་བཞིན་པ།

▲འདི་ནི་མེ་འཁོར་གཉན་ཆེན་ཐང་ལྷའི་རི་འདབས་ནས་སྐྱོད་བཞིན་པ།