《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月04日

ཧོ་ཝུན་ཧའོ་རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇཌ་བཀོད་འདོམས་པུའི་བརྙན་ལམ་ བཀོད་གཏོང་ཚོཌ་འདུར་ཞུཌ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་2ཉིན་གནས་ཚུལ་འབྱོར་གསལ། ཟླ་2ཚེས་29ཉིན། རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུས་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་ཏེ། གྲོང་ཁྱེར་དང་ས་ཁུལ་ཁག་གི་བོད་ཀྱི་ལོ་གསར་རིང་གི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་གི་ལས་དོན་དང་། དེ་བཞིན་སྤྱི་ཚོགས་སྤྱི་ཡོངས་ཀྱི་གནས་ཚུལ་ཉན་པ་དང་དུས་མཚམས་རྗེས་མའི་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་གི་ལས་དོན་ལ་བླང་བྱ་བཏོན་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་བཀོད་འདོམས་པ་གཞོན་པ་བཅས་ཡིན་པའི་ཧོ་ཝུན་ཧའོ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཧོ་ཝུན་ཧའོ་ཡིས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་སྟོབས་ཤུགས་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་བར་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་ཞིང་། ཁོང་གིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་ངོས་འཛིན་སྔར་བས་གཏིང་ཟབ་དང་། བྱ་སྤྱོད་གཅིག་གྱུར། དྲང་ནུས་ཤུགས་ཆེན་འདོན་སྤེལ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་དགའ་གཅེས་དང་གོང་བཀུར་བྱེད་ཚད་སྔར་བས་ཟབ་ཏུ་དང“མོས་སེམས་ལྔ”སྔར་བས་ཟབ་ཏུ་གཏོང་དགོས་ཞེས་བསྟན་གནང་བ་རེད།

ཧོ་ཝུན་ཧའོ་ཡིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་གཙོ་གནད་མངོན་གསལ་དོད་པོ་དང་སྤྱི་འདོམས་སྐུལ་འདེད་བཏང་སྟེ། ཚད་མཐོའི་དོགས་ཟོན་རྒྱུན་འཁྱོངས་དང་། མཉམ་རེས་མཉམ་འགུལ་དང་མཉམ་འགོག་མཉམ་འཛིན་གྱི་ལམ་སྲོལ་ལ་ཤུགས་སྣོན་རྒྱག་པ། སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་གྱི་དྲ་མིག་ཅན་གྱི་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་མཉམ་འགོག་མཉམ་བཅོས་ཀྱི་འཛིང་རགས་བརྟན་པོ་སྐྲུན་དགོས་པ་དང་། ཁྲིམས་བཞིན་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། རིམས་ནད་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་མཐའ་དག་ལ་རྡུང་རྡེག་ཚ་ནན་བཏང་ནས་རྒྱུན་གཏན་གྱི་སྤྱི་ཚོགས་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་དགོས་པ། འགལ་ཟླ་དང་ཉེན་ཁ་གྲལ་བཤེར་ཐག་གཅོད་ཀྱི་ལས་དོན་གཏིང་ཟབ་སྤེལ་ཏེ། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་འགལ་ཟླ་དང་ཉེན་ཁ་ས་གནས་ས་ཐོག་དང་། གཞི་རིམ། ཐོན་མ་ཐག་བཅས་སུ་སེལ་དགོས་པ། ཁྲིམས་སྐྱོང་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ། བཅའ་ཁྲིམས་ཁྱབ་གདལ་གྱི་ལས་དོན་དེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་། བརྟན་ལྷིང་སྲུང་སྐྱོང་ལས་དོན། ཚན་རིག་ཤེས་བྱ་ཁྱབ་གདལ་བཅས་དང་ཟུང་འབྲེལ་བྱས་ཏེ། མང་ཚོགས་ཚོར་སློབ་གསོ་ཁྲིད་སྟོན་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པ། འགན་འཁྲི་ཆེ་རུ་བཏང་སྟེ་བྱེད་ཐབས་ཁག་དོན་འཁྱོལ་ཏན་ཏིག་དང་། དོན་འཁྱོལ་ཞིབ་ཚགས། དོན་འཁྱོལ་གནད་སྨིན་བཅས་ཡོང་བའི་འགན་ལེན་གྱིས་བརྟན་ལྷིང་སྲུང་སྐྱོང་དང་རིམས་ནད་སྔོན་འགོག་ཚོད་འཛིན་གཉིས་ཀར་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱེད་དགོས། (པད་ཆོས་ཀྱིས་བསྒྱུར། ཉི་དོན་དང་པད་ཆོས་ཀྱིས་ཞུས)