《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月03日

གཟའ་འཁོར་འདིའི་གནམ་གཤིས།

གཟའ་པ་སངས་ནས་བཟུང་ནུབ་རྒྱུད་ནས་ཤར་རྒྱུད་དུ་གངས་འབབ་རྒྱུ་ཡིན་པ།

གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (2020ལོའི་ཟླ་3ཚེས་2ཉིན་ནས་ཟླ་3ཚེས་8ཉིན་བར)

གཟའ་ཟླ་བ་ནས་གཟའ་ལྷག་པ་བར། ནག་ཆུ་དང་ཆབ་མདོའི་ནུབ་བྱང་རྒྱུད་དང་། ལྷ་སའི་བྱང་རྒྱུད། ཉིང་ཁྲིའི་ཤར་རྒྱུད་བཅས་སུ་གངས(ཆར་པ)སིམ་སིམ་འབབ་རྒྱུ་དང་། ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།

གཟའ་པ་སངས་ནས་གཟའ་ཉི་མ་བར། མངའ་རིས་ཀྱི་ལྷོ་རྒྱུད་དང་། གཞིས་རྩེའི་ལྷོ་རྒྱུད། ནག་ཆུ་དང་ཉིང་ཁྲི་བཅས་སུ་གངས(ཆར་པ)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ། ས་བབ་མཐོ་བའི་ས་ཆ་ཁག་གཅིག་ལ་གངས་ཆེན་པོ་འབབ་རྒྱུ། ལྷོ་ཁའི་ཤར་ལྷོའི་རྒྱུད་དང་། ཡར་ཀླུང་གཙང་པོ་རྒྱུག་ཁུལ། ཆབ་མདོ་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབས་རྒྱུ། ས་ཆ་ཁག་གཅིག་ལ་གངས་སིམ་སིམ་འབབ་རྒྱུ། ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།

གཟའ་ཕུར་བུའི་རྗེས་སུ་བྱང་ཐང་རྒྱུད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་དུ་ལྷགས་པ་ཆེན་པོ་རིམ་པ་བདུན་ཡས་མས་རྒྱག་རྒྱུ། ཕྱི་དྲོ་ཡར་ཀླུང་གཙང་པོ་རྒྱུག་ཁུལ་དུ་ཐོལ་རླུང་རིམ་པ་ལྔ་ཡས་མས་རྒྱག་རྒྱུ།

གཉིས། གྲོས་འགོ

གཅིག གཟའ་འཁོར་འདིའི་གངས་བབ་པའི་གནམ་གཤིས་ལས་མངའ་རིས་ཀྱི་ལྷོ་རྒྱུད་དང་། ནག་ཆུའི་ཤར་རྒྱུད། གཞིས་རྩེའི་ལྷོ་རྒྱུད། ཉིང་ཁྲིའི་ས་བབ་མཐོ་བའི་ས་ཆར་གངས་གསོག་ཐེབས་ཚད་མང་དུ་འགྲོ་སྲིད་པས་འགྲིམ་འགྲུལ་དང་འབྲོག་ལས་ལ་ཤུགས་རྐྱེན་ངན་པ་ཐེབས་རྒྱུར་དོགས་ཟོན་བྱེད་དགོས།

གཉིས། གཟའ་འཁོར་འདིར་ལྷགས་པ་ཆེན་པོ་རྒྱག་པའི་གནམ་གཤིས་མང་པོ་བསྟན་རྒྱུ་ཡིན་པས་ནགས་ཚལ་དང་རྩྭ་རར་མེ་སྐྱོན་སྔོན་འགོག་བྱེད་དགོས་པ་དང་གྲོང་ཁྱེར་གྱི་མེ་སྤྱོད་བདེ་འཇགས་ལ་ཤུགས་སྣོན་རྒྱག་དགོས།