《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月01日

མཚར་གཏམ་ཐོས་པ་འཛུམ་ཤོར་།

ཨ་མ་བྲོས།

ལྷོ་ཁའི་ཡུལ་འགར་གནའ་བོར་སྐབས་ཨ་མ་བྲོས(ཨ་མ་བྲལ)ལབ་ཀྱི་ཡོད། ཉིན་གཅིག་ཕ་སྔ་ས་ནས་གྲོངས་པའི་ཕྲུ་གུ་ཞིག་དོན་ག་གེ་མོས་རྐྱེན་བྱས་ནས་ཨ་མ་བྲོས་ཞེས་གནའ་བསྐྱལ་བས། འགྲམ་གྱི་སྤོ་བོ་ལགས་ཀྱིས་ཨ་མ་བྲོས་ཞེས་གནའ་བསྐྱལ་ན་དོ་དགོང་ཨ་མ་བྲོས་འགྲོ་ཀྱི་རེད་ཅེས་ཀུ་རེའི་ཚུལ་དུ་ལབ། ཕྲུ་གུ་དེས་ཨ་མ་དགོང་མོ་བྲོས་ནའང་ཞོགས་པ་ལོག་སླེབས་ཀྱི་འདུག་ཅེས་བཤད།

བོད་པ་དང་ཁ་ཆེ་བ།

བོད་པ། ཁྱེད་ཚོ་ཕག་པའི་ཤ་མི་བཟའ་བའི་རྒྱུ་རྐྱེན་གང་ཡིན།

ཁ་ཆེ་བ། འཕགས་པ་ཁྱེད་ཚོའི་བསྟན་པ་ཡིན་གཙང་ང་ཚོས་ཟས་མེད།

ཤོད་སྟངས་ནོར་བ།

རྒན་ལགས་མཚན་གང་པོ་ཤོ་བརྒྱབ་ནས་བསྡད་པ་ཡིན་བཟོ་འདུག ཞོགས་པ་ནག་པང་ཕྱིས་མེད་པ་མཐོང་རྗེས་སྐད་ཤུགས་ཆེན་པོས་ཤོ་རྒྱག་རེས་སུ་རེད། ནག་པང་ཡང་ཕྱིས་མི་འདུག་ཟེར།

ཆོས་བཤད་པ།

ཆོས་པ་ཞིག་དགོན་པའི་འདུ་ཁང་དུ་མང་ཚོགས་ལ་ཆོས་ཤོད་བཞིན་པའི་སྐབས། གློ་བུར་དུ་བདེ་སྐྱིད་ཀྱི་པང་ཁའི་ནང་གི་ཕྲུ་གུ་དེ་སྐད་ཆེན་པོས་ངུས་རྐྱེན། ཆོས་པ་དེས་བདེ་སྐྱིད། རང་གི་ཕྲུ་གུ་ངུ་མ་བཅུག་དང། དེ་མིན་ན་ཁོ་ཚོ་གཉིད་ལས་སད་པ་འདུག་ཟེར།

ཡིད་སྨོན་རྒྱུ་མི་འདུག

བསྟན་པ་གསང་སྤྱོད་དུ་བཙོག་པ་གཏོང་སྐབས་དུས་ཡུན་རིང་པོ་བཙིར་ཡང་བཙོག་པ་རིལ་མ་ཙམ་ཡང་མ་དོན་པར་སྐད་ངན་ཤོར། དེ་ཙམ་ལ་ཚེ་རིང་འཚབ་འཚུབ་ངང་གསང་སྤྱོད་དུ་འཛུལ་ནས་པེ་ལེ་ལེ་ཞེས་བཙོག་པ་བདེ་མོར་བཏང་བའི་སྒྲ་ཐོས། བསྟན་པས་གྲོཌ་པོ་རང་བདེ་པོ་དེ་འདྲ་གཏོང་དུས། ང་དངོས་གནས་རང་ལ་ཡིད་སྨོན་སྐྱེས་བྱུང་ཞེས་བཤད་པས། ཚེ་རིང་གིས་ཡིད་སྨོན་རྒྱུ་ཅི་ཡོད། ང་ད་ལྟ་དོར་མ་འབུད་རྒྱུ་ཡིན་ཟེར།