《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月17日

ལྗོངས་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ལས་བྱེད་ལས་བཟོར་སྤྲིངས་པའི་གྲོས་འདོན་ཡི་གེ

བོད་ཀྱི་ཏོག་གསར་གློ་ཚད་ཕོག་པའི་ནད་པ་གཅིག་པུ་དེ་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་པ་དེ་ནི་རྒྱ་ཆེའི་སྨན་དོན་པ་ཚོའི་དཀའ་སྤྱད་ཀྱི་ངལ་རྩོལ་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་ལས་བྱུང་བའི་གྲུབ་འབྲས་རླབས་ཆེན་ཞིག་རེད། མིག་སྔ་ནི་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་ལ་དཀའ་ཚེགས་ཆེ་ཤོས་འཕྲད་པའི་འགག་རྩའི་དུས་མཚམས་ཡིན་པ་དང་། དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད་པས། ལྷོད་གཡེང་གི་བསམ་བློ་སྤུ་ཙམ་ཡང་ཡོད་མི་རུང། བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་མཚམས་སུ་ང་ཚོས་རྒྱ་ཆེའི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོ་ཚོར་གཤམ་གྱི་གྲོས་འགོ་འདོན་རྒྱུ་སྟེ།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་ཤུགས་དམག་ཡིན་པའི་སྨན་དོན་པ་ཚོས་རང་གི་ཉེ་འཁོར་གྱི་དགའ་ཉེ་སྤུན་མཆེད་ཀྱི་སྣེ་ཁྲིད་ནས་གཞན་ཁྱིམ་དུ་མི་འགྲོ་བ་དང་མཉམ་དུ་ཁ་ལག་མི་ཟ་བར་སྐད་འཕྲིན་དང་འཕྲིན་ཐུང་གི་ཐོག་ནས་ལོ་གསར་གྱི་སྨོན་ཚིག་ཞུ་དགོས། རང་ངོས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་རང་དཔེ་གཞན་སྟོན་ཡག་པོ་བྱེད་དགོས། ཡང་དག་པའི་བདེ་ཐང་ལྟ་བ་བཙུགས་ནས་མི་ཚང་མ་རང་ཉིད་ཀྱི་བདེ་ཐང་གི་འགན་འཁུར་བ་དང་པོ་ཡིན་པའི་འདུ་ཤེས་དར་སྤེལ་གཏོང་དགོས།

ལྗོངས་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས། གཞན་ལ་དཀྲི་ཐབས་མེད་པའི་འགན་འཁྲི་འཁུར་སེམས་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་བྱེད་ལུགས་དེ་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་ཏང་དར་ཐོག་འགོད་དགོས།

རིམས་ནད་ནི་བཀའ་རྒྱ་ཡིན་པ་དང་། སྔོན་འགོག་ཚོད་འཛིན་ནི་འགན་འཁྲི་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཕྱོགས་ཡོངས་ཀྱི་བཀོད་སྒྲིག་འོག ལྗོངས་ཡོངས་ཀྱི་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་དང་། ཀུན་སེམས་གཅིག་སྒྲིལ། མཉམ་དུ་སྔོན་འགོག་དང་ཚོད་འཛིན་བཅས་ལ་བརྟེན་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་ཀྱི་རིམས་འགོག་དམག་འཐབ་དེར་རྒྱལ་ཁ་ལེན་ཐུབ་ངེས་ཡིན་པའི་ཡིད་ཆེས་ང་ཚོར་ཡོད།

དཔྱིད་དཔལ་རབ་ཏུ་བཞད་པའི་དུས་སུ་ང་ཚོས་ཁ་རས་དཀྲོལ་ནས་ཕན་ཚུན་འཛུམ་མདངས་སྟོན་ཆོག

རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས།

2020ལོའི་ཟླ་2ཚེས་14ཉིན།