《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月17日

སྡེ་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི“འཐབ་ས་དང་པོ”བརྟན་སྲུང་བྱེད་པ།

འདི་ནི་བར་སྐོར་སྡེ་ཁུལ་གྱི་ཏང་ཡོན་གྱིས་གྲོང་མིར་ཚ་བ་ལྟ་བཞིན་པ།

བར་སྐོར་ཁྲོམ་གཞུང་ལ་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་མི་རིགས་རིག་གནས་ཀྱི་སྤེལ་རེས་དང་མཉམ་འདྲེས་ལ་དཔང་པོ་བྱས་ཡོད་ལ། ས་མཐོའི་གནའ་གྲོང་ལྷ་སའི་ལོ་ངོ་སྟོང་གི་འཕོ་འགྱུར་དང་དར་རྒྱས་ལའང་དེ་བས་དཔང་པོ་བྱས་ཡོད། རིམས་ནད་ཐོན་རྗེས་བར་སྐོར་ཁྲོམ་གཞུང་དུ་དེ་སྔའི་མི་ཚོགས་སྟུག་ཅིང་འཁྲུག་ཆ་དོད་པའི་རྣམ་པ་གནས་སྐབས་མེད་པར་ཆགས་ནས། ཁུ་སིམ་ལྷིང་འཇགས་སུ་གྱུར་ཏེ། ཁྲོམ་གཞུང་དང་སྲང་ལམ་གྱི་མི་ཚོགས་ཧ་ཅང་ཉུང་དུ་སོང་ཡོད་པ་དང་མང་ཚོགས་མང་ཆེ་བས་ཕྱིར་མི་འགྲོ་བའམ་ཡང་ན་ཕྱིར་ཉུང་ཙམ་འགྲོ་བ་དེ་གདམ་ག་ཡག་ཤོས་སུ་གྱུར་ཡོད།

ད་ཆ་བར་སྐོར་སྡེ་ཁུལ་གྲོང་ལྷན་གྱི་ཏང་ཡོན་ལས་བྱེད་པ་དང་། ལས་དོན་མི་སྣ། མི་དམངས་ཉེན་རྟོག་པ། སྨན་པ་སོགས་འཐབ་ས་དང་པོའི་ལས་དོན་མི་སྣས་དུས་དང་རྣམ་པ་ཀུན་ཏུ་སྡེ་ཁུལ་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་བྱེད་བཞིན་ཡོད་པ་རེད། ཁོང་ཚོས་དཀའ་སྤྱད་དང་འགན་འཁྲི་ཕྲག་ཏུ་ཁུར་ཏེ་སྡེ་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་དང་པོར་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་བཞིན་ཡོད་པ་རེད།

སྡེ་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཞིབ་ཅིང་ཕྲ་བ་སྤེལ་ཆེད། བར་སྐོར་སྡེ་ཁུལ་གྲོང་ལྷན་གྱི་ཏང་ཡོན་34དང་ལས་དོན་མི་སྣ་9ཡིས“གྲལ་བཤེར་གསུམ་དང་། ཞིབ་བཤེར་གཅིག འགན་ལེན་གཉིས”བཅས་ཀྱི་ལས་ཀའི་བཀོད་སྒྲིག་ལ་གཞིགས་ནས། ལས་མི་ཡོངས་ཉིན་མཚན་དབྱེར་མེད་ངང་ལས་གནས་ཐོག་སྡོད་པ་དང་། ཚོགས་ཆུང་3ལ་བགོས་ནས་ཉིན་ལྟར་སྔ་དྲོའི་ཆུ་ཚོད་8པ་ནས་བཟུང་ཁོངས་གཏོགས་ཁུལ་གྱི་འཕྲོད་བསྟེན་དང་བདེ་འཇགས་སོགས་ལ་སྐོར་གཡེང་དང་རིམས་འགོག་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་ཡོད་པ་རེད།

བར་སྐོར་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཚུལ་ཁྲིམས་ཀྱིས་གསར་འགོད་པར། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། སྡེ་ཁུལ་ཏང་ཀྲི་པུའུ་ཡིས་སྡེ་ཁུལ་ཉེན་དོན་ཁང་དང་མཉམ་འབྲེལ་བྱས་ནས་བོད་དུ་ཡོང་མཁན་གྱི་ཞིབ་ཕྲའི་དུས་ཚོད་གྲལ་བཤེར་ཐུབ་པ་བྱས་ནས་ཁྱིམ་དུ་ལོགས་སུ་འཇོག་པ་དང་ལོགས་འཇོག་དུས་ཚོད་ཐིམ་པ་གཏན་ཁེལ་བྱེད་པར་ཐོག་མའི་དཔྱད་ཡིག་མཁོ་འདོན་བྱས་ཡོད། ལས་ཀའི་རེའུ་མིག་གསལ་པོ་བཟོས་ནས། གལ་ཏེ་ཚ་བ་རྒྱས་པ་སོགས་རྒྱུན་གཏན་མ་ཡིན་པའི་གནས་ཚུལ་ཐོན་ཚེ། དུས་ཐོག་ཏུ་དེ་དང་འབྲེལ་བ་དམ་ཟབ་བྱུང་བའི་མི་སྣ་འཐེན་བཤེར་བྱས་ནས་གོམ་སྟབས་རྗེས་མའི་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཡང་དག་པའི་ཆ་འཕྲིན་མཁོ་འདོན་བྱེད་ཀྱི་ཡོད། རང་རྟོགས་ངང་ཁྱིམ་དུ་ལོགས་སུ་སྡོད་མཁན་རྣམས་ལ་སྡེ་ཁུལ་གྱི་ཏང་ཡོན་ལས་བྱེད་པས་སྡེ་ཁུལ་སྨན་ཁང་དང་འབྲེལ་བ་བྱས་ནས་ཉིན་ལྟར་ཁྱིམ་དུ་ཡོང་སྟེ་ཚ་བ་ལྟ་གི་ཡོད། ལོགས་སུ་བཞག་པའི་མི་སྣའི་འཚོ་བའི་མཁོ་ཆས་འདང་ངེས་ཡོང་བར་འགན་ལེན་བྱ་ཆེད། སྡེ་ཁུལ་ཏང་ཀྲི་པུའུ་ཡིས་གཅིག་གྱུར་ཐོག་ཉོ་སྒྲུབ་བྱས་ཏེ་ལོགས་སུ་བཞག་པའི་མི་སྣའི་ཁྱིམ་དུ་སྐྱེལ་གྱི་ཡོད་ཅེས་བཤད།

ལོགས་སུ་བཞག་པའི་མི་སྣའི་ཉིན་རེའི་འཚོ་བའི་གད་སྙིགས་གཙང་སེལ་བྱ་རྒྱུར་དམིགས་ནས་སྡེ་ཁུལ་ཏང་ཡོན་གདོང་ལེན་རུ་ཁག་གིས་གད་སྙིགས་ཚུར་བསྡུས་པ་དང་། ཚུར་བསྡུས་པའི་གད་སྙིགས་གཅིག་གྱུར་ཐོག་དུག་སེལ་དང་གཙང་སེལ་བྱེད་ཀྱི་ཡོད། ཁྱིམ་དུ་སྐྱོད་པ་དང་ཁ་པར་རྒྱག་པ་སོགས་ཀྱི་ཐབས་ལམ་བརྒྱུད་སྔོན་འགོག་ཚོད་འཛིན་གྱི་བདེ་འཇགས་ཤེས་བྱ་ཁྱིམ་དུ་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་རེད།