《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月16日

“གསེར་མདོག་ཅན་གྱི་ཁྱིམ་གཞིས”སད་སྒོ་རྭ་གྲོང་ཚོས་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་པ།

ཡར་ཀླུང་གཙང་པོའི་ངོགས་སུ་གནས་པའི་ཉིང་ཁྲི་གྲོང་ཁྱེར་སྨན་རི་ཤང་སད་སྒོ་རྭ་གྲོང་ཚོ་ནི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཞིག་རེད། སད་སྒོ་རྭ་གྲོང་ཚོར་སྐྱོད་སྐབས་རྒྱ་ཆེ་ཞིང་ཁོད་སྙོམས་པའི་ཨར་འདམ་ལམ་དང་། གཙང་ཞིང་གྲལ་སྒྲིག་པའི་གྲོང་ཚོའི་རྣམ་པ། ཀོང་པོའི་ཁྱད་ཆོས་རབ་ཏུ་མངོན་པའི་གྲལ་སྟར་སྒྲིག་པའི་སྡོད་ཁང་གསར་པ་བཅས་གསར་འགོད་པའི་མིག་ལམ་དུ་མངོན།

ཉེ་བའི་ལོ་ཤས་རིང་། སད་སྒོ་རྭ་གྲོང་ཚོར་འཕེལ་རྒྱས་མྱུར་པོ་བྱུང་ཡོད། འོན་ཀྱང་ལོ་བཅུའི་གོང་གནས་དེ་ཉིད་ཤང་ཡོངས་སུ་སྐད་གྲགས་ཆོད་པའི་གྲོང་ཚོ་དབུལ་པོ་ཞིག་ཡིན་ཞིང་། མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ལྔ་སྟོང་ལྷག་ཙམ་ལས་ཟིན་གྱི་མེད་པ་མ་ཟད། གྲོང་ཚོའི་ཕྱོགས་གང་སར“བཙོག་ཟིང་ཞན”གསུམ་གྱི་རྣམ་པ་མཐོང་རྒྱུ་ཡོད།

2008ལོར་གྲོང་མི་ཚོས་མཐོ་རིམ་སློབ་འབྲིང་ཐོན་ནས་ཚབ་ཁྲིད་དགེ་རྒན་བྱེད་མྱོང་ལ། ལོ་བཅུ་གྲངས་ཕྱིར་ཚོང་ཡང་བརྒྱབ་མྱོང་བའི་ཆའོ་ཚེ་རིང་གྲོང་ཚོ་ཏང་ཀྲི་པུའི་ཧྲུའུ་ཅིར་འོས་འདེམས་བྱས། ལས་གནས་སུ་འབྱོར་རྗེས་ཁོང་གིས་གྲོང་མི་ཚོའི་སྣེ་འཁྲིད་དེ་བོད་བྱ་གསོ་ཚགས་དང་ཀུ་ཤུ་འདེབས་འཛུགས་སོགས་ཀྱི་ཐོན་ལས་འཕེལ་རྒྱས་བཏང་ནས་གྲོང་མི་ཚོ་རིམ་བཞིན་ཕྱུག་པོར་གྱུར་ཐབས་བྱས།

2017ལོར“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་སྤེལ་བ་དང་བསྟུན་ནས་ཆའོ་ཚེ་རིང་ཡང་གྲོང་ཚོའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་པ་ཐོག་མ་དེར་གྱུར།

ཏང་གི་རིགས་པའི་གཞུང་ལུགས་གསར་པ་དང་སྲིད་ཇུས་གསར་པ་སྣ་ཚོགས་ཀྱི་མདུན་དུ་མཆོག་ཚེ་རིང“ནུས་པས་མི་འདང་བའི”གནས་སུ་གྱར། རང་ཉིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱའི་རྨང་གཞི་དང་སྒྲོག་འགྲེལ་གྱི་ནུས་པ་ཟམ་མི་ཆད་པར་ཟབ་ཏུ་བཏང་བ་དང་། མང་ཚོགས་ཚོས་གང་ཞིག་ལ་དགའ་པོ་བྱེད་ལུགས་དང་གང་ཞིག་ཉན་འདོད་པ་སྔར་བས་ཤེས་རྟོགས་བྱས་པ།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་ལ་མཐོང་ཆེན་བཅས་བྱས་པ་བརྒྱུད་ཆའོ་ཚེ་རིང་ལ་རིམ་བཞིན་རང་ཉིད་ཀྱི་སྒྲོག་འགྲེལ་བྱེད་སྟངས་ཀྱི་ཐབས་ཤེས་རྙེད། བབ་ཆགས་པའི་སྐད་ཆ་དང་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་ཐབས་ལ་བརྟེན་ནས་ཡུལ་དུས་གང་དུའང་སྒྲོག་འགྲེལ་བྱེད་པ་དང་། རིག་རྩལ་རུ་ཁག་སྒྲིག་འཛུགས་བྱས་ཏེ་རོལ་རྩེད་བྱེད་སྒོའི་ཁྲོད་སྒྲོག་འགྲེལ་བྱེད་པ། འོས་འགན་ངལ་རྩོལ་བྱས་ཏེ་ངལ་རྩོལ་ཁྲོད་སྒྲོག་འགྲེལ་བྱེད་ཀྱི་ཡོད། སྲིད་ཇུས་སྣ་ཚོགས་སྒྲོག་འགྲེལ་བྱེད་ཀྱི་ཡོད་ལ་མང་ཚོགས་ཀྱི་ཉེ་འགྲམ་གྱི་གནས་ཚུལ་ཡང་སྒྲོག་འགྲེལ་བྱེད་པ་དང་། རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་ཡོད་ལ་མང་ཚོགས་ཀྱི་ཉན་སྤྲོ་བའི“ཕལ་སྐད”ཀྱང་ཡོད་པས་སྒྲོག་འགྲེལ་དེ་སྤྲོ་སྣང་ལྡན་པའི་སྒྲོག་འགྲེལ་བྱེད་སྟངས་ཤིག་ལ་གྱུར་པ་མ་ཟད། མང་ཚོགས་ཚོས་ཀྱང་ཉན་འདོད་ཆེན་པོ་བྱེད་ཀྱི་ཡོད། མཆོག་ཚེ་རིང་གིས་ད་དུང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཏང་འཛུགས་སྐྱོང་ཟུང་འབྲེལ་གྱིས“ཁྱིམ་ཚང་གི་སྒྲོག་འགྲེལ་པའི”དཔུང་ཁག་རིམ་བཞིན་འཕེལ་རྒྱས་བཏང་།

ལོ་བཅུ་ལྷག་ཙམ་རིང་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད། སད་སྒོ་རྭ་གྲོང་ཚོའི་མང་ཚོགས་ཀྱི་ཐོན་སྐྱེད་བྱེད་སྟངས་ལ་འགྱུར་ལྡོག་ཕྱིན་ཡོད་ལ། ལོ་གསུམ་རིང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་དེས་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་དང་འཚོ་བ་སྐྱེལ་སྟངས་ལའང་རིམ་བཞིན་འགྱུར་ལྡོག་ཕྱིན་ཡོད།

གྲོང་མི་བསོད་ནམས་ཚེ་རིང་གི་ཁྱིམ་དུ་ང་ཚོས་གྲོང་ཚོ་ཡོངས་ཀྱིས་ཐུན་མོང་ཐོག་སྒྲུབ་དགོས་པའི་དོན་ཆེན་གཉིས་པ་དེ་མཐོང་བྱུང་བ་སྟེ། བསོད་ནམས་ཚེ་རིང་གིས་གྲོས་འགོ་བཏོན་པའི་ཁྱིམ་ཚང་དང་དུད་ཚང་ཚང་མར་རྒྱལ་དར་སྒྲེང་སྟེགས་བསྐྲུན་རྒྱུའི་བསམ་ཚུལ་མངོན་འགྱུར་བྱུང་ནས་ཚད་ལྡན་ཅན་གྱི་རྒྱལ་དར་སྒྲེང་སྟེགས་ཀྱིས་སྔོན་ཆད་ཀྱི་སྟབས་བདེའི་དར་ཤིང་གི་ཚབ་བྱས་ཡོད། “རྒྱལ་དར་གྱང་སྟེང་དུ་སྟབས་བདེའི་ངང་བཙུགས་ཚེ་ལྷགས་པ་ཆེན་པོ་རྒྱག་སྐབས་འཁྱོག་པའམ་ཡང་ན་འཁྱེར་འགྲོ་གི་ཡོད། ངའི་བསམ་པར་དེ་ལྟར་བྱས་ན་ཚད་ལྡན་ཞིག་མིན་འདུག་པས། གྲོང་ཚོ་ཨུ་ལྷན་ལ་ཁྱིམ་ཚང་དང་དུད་ཚང་ཚང་མས་སྒོར་2700རེ་བཏོན་ནས་རྒྱལ་དར་སྒྲེང་སྟེགས་ཞིག་གཅིག་གྱུར་ཐོག་བསྐྲུན་པའི་གྲོས་འགོ་འདི་བཏོན་པ་ཡིན”དུས་ཆེན་གལ་ཆེན་འཆར་རིམ་བཞིན་སད་སྒོ་རྭ་གྲོང་ཚོའི་དུད་ཚང་ཚང་མས་རང་འགུལ་ངང་ཁྱིམ་གྱི་སྒོ་འགྲམ་དུ་རྒྱལ་དར་སྒྲེང་གི་ཡོད།

ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་པ་བཅས་དང་། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ། གོམས་སྲོལ་རྙིང་པ་དོར་ནས་དུས་རབས་ཀྱི་མི་གསར་བརྩོན་ལེན་བྱེད་པ་བཅས་བྱས་པས་སད་སྒོ་རྭ་གྲོང་ཚོའི་མང་ཚོགས་ཀྱིས་ངལ་རྩོལ་ལ་བརྟེན་ན་གཞི་ནས་འབྱུང་འགྱུར་གཏོད་ཐུབ་པ་དང་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་ཐུབ་པའི་ངོས་འཛིན་གཏིང་ཟབ་བྱུང་ཡོད། 2019ལོའི་ལོ་མཇུག་ཏུ་སད་སྒོ་རྭ་གྲོང་ཚོས་བོད་བྱ་531གསོ་ཚགས་བྱས་པ་དང་། ཤིང་ཏོག་མུའུ་225འདེབས་འཛུགས་བྱས་པ། ཐོན་ལས་ཀྱི་གཏན་འཇགས་རྒྱུ་ནོར་སྒོར་ཁྲི་850ཟིན་པ། གྲོང་ཚོའི་མཉམ་སྡེབ་ཀྱི་ལོ་རེའི་ཐོན་རྫས་རིན་ཐང་སྒོར་ཁྲི་130ལྷག་ཙམ་ཟིན་པ། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.5ཟིན་པ་བཅས་བྱུང་ཡོད།

(པད་ཆོས་ཀྱིས་བསྒྱུར། ཉི་དོན་དང་པད་ཆོས་ཀྱིས་ཞུས)