《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月15日

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཤུགས་ཆེན་བྱུང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་13ཉིན་ཕྱོགས་བསྡུས་གནས་ཚུལ་འབྱོར་གསལ། ཚེས་12ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ཏེ། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་སྙན་སེང་ཉན་པ་དང་། མིག་སྔའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་དུས་བབ་ལ་དབྱེ་ཞིབ་བྱས་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་ལ་ཞིབ་འཇུག་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་དུ་ཚུར་སྣང་ལན་ཆ་ཤུགས་ཆེན་བྱུང་བ་རེད།

རྒྱལ་མཚན་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀླུ་སྒུག་སྡེ་ཁུལ་གྱི་ཏང་ཡོན་ཞིག་རེད། ཉིན་དེ་དག་རིང་ཁོང་གིས་སྲང་ལམ་དང་སྡེ་ཁུལ་ཁག་ཏུ་ཕར་རྒྱུག་ཚུར་རྒྱུག་བྱས་ཏེ། ཁྱིམ་དུ་ལོགས་སུ་བཞག་པའི་མི་སྣར་ཚ་བ་རྒྱས་མིན་ལྟ་བ་དང་། ཁོང་ཚོའི་རྒྱུན་གཏན་གྱི་དགོས་མཁོ་སྐོང་བ། གྲོང་མིར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་བྱེད་པ་བཅས་ལ་གཞོལ་ཡོད། རྒྱལ་མཚན་གྱིས“སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལས་ང་ཚོར་ལྕག་སྐུལ་ཆེན་པོ་ཐེབས་བྱུང་། གཞི་རིམ་གྱི་ཏང་ཡོན་ཞིག་ཡིན་པའི་ངས་སླད་ཕྱིན་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བློ་ལ་བརྟན་པོར་ངེས་པའི་ཁར།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) གདོང་ལེན་གྱི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་བསྐྱོད་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་བཤད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྡེ་ཁུལ་གྱི་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་རིམས་ནད་མཆེད་ལམ་བཀག་ནས་འགོ་ཚད་དམའ་རུ་གཏོང་དགོས་ཞེས་བསྟན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལས་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། ང་ཚོས་སེམས་ཤུགས་དེ་བས་ཆེན་པོས་རིམས་འགོག་གི་ཕྱོགས་ཡོངས་ཀྱི་དམག་འཐབ་ནང་ཧུར་ཐག་ཞུགས་ཏེ་དངོས་སྒྲུབ་ཐེག་པ་ཁུར་ལེན་དང་། འགན་འཁྲི་ལྕི་པོ་ཁུར་ཕོད་པ། ལས་གནས་བརྟན་སྲུང་བྱེད་པ། དམག་འཐབ་ཀྱི་རྣམ་པའི་ཐོག་ནས་རིམས་ནད་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས་མང་ཚོགས་ཀྱི་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་བྱ་རྒྱུ་ཡིན”ཞེས་གཞིས་རྩེ་གྲོང་ཨུད་ཀྱི་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ལས་བྱེད་པ་རྒན་གྲས་ཅུས་ཀྱི་ཅུས་ཀྲང་མིག་དམར་གྱིས་བཤད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཚོ་བའི་མཁོ་ཆས་ཐོན་སྐྱེད་མཁོ་སྤྲོད་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། “འབྲུ་རིགས”ཀྱི་ཧྲེང་ཀྲང་གི་འགན་འཁྲིའི་ལམ་ལུགས་དང་ཤ་ཚལ་སྒོང་གསུམ་གྱི་ཧྲི་ཀྲང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ནས་ཟས་རིགས་གཙོ་བོ་དང་ཞོར་ཟས་ཐོན་སྐྱེད་དང་། འཁོར་རྒྱུག མཁོ་སྤྲོད་བཅས་ལ་དམ་འཛིན་ཏན་ཏིག་བྱེད་དགོས་ཞེས་ནན་བཤད་གནང་ཡོད། དེའི་ཐད་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་བྱམས་པ་ཚེ་འཕེལ་གྱིས་ཉིན་ཤས་བསྟུད་མར་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ཤིང་འབྲས་དང་སྔོ་ཚལ་མཁོ་སྤྲོད་ནུས་ལྡན་བྱེད་ཆེད། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱིས་ཟོག་གོང་སྙོམས་སྒྲིག་གི་དམངས་ཕན་འདུ་འགོད་མུ་མཐུད་ལག་ལེན་བསྟར་ཡོད། མིག་སྔར་ཆབ་མདོ་གྲོང་ཁྱེར་གྱི་སྔོ་ཚལ་དྲོད་ཁང་ཁག་ཏུ་གོ་རིམ་ལྡན་པའི་སྒོ་ནས་སྔོ་ཚལ་འདེབས་འཛུགས་བྱེད་པའི་ཐོག གྲོང་ཁུལ་དུ་བྲིན་ཚོང་ས་ཚིགས་7དང་སྐོར་སྐྱོད་བྲིན་ཚོང་ས་ཚིགས་1བཀོད་སྒྲིག་བྱས་ནས་གྲོང་མིར་སྟབས་བདེ་བསྐྲུན་ཡོད་ཅེས་བཤད།

ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གི་རྫོང་ཨུད་ཀྱི་ཧྲུའུ་ཅི་བཀྲ་ཤིས་ཀྱིས“ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་ཐེངས་མང་འཚོགས་པ་དང་། སྙན་སེང་གསན་པ། མཛུབ་སྟོན་གལ་ཆེན་གནང་སྟེ་ཐོག་མཐའ་བར་གསུམ་དུ་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་གནང་བས་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། ང་ཚོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་དེ་བཞིན་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་ཀྱི་ལས་དོན་གྱི་བླང་བྱ་མུ་མཐུད་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ། ལས་དོན་ཁག་ལ་དམ་འཛིན་ནན་པོ་དང་དམ་འཛིན་ཏན་ཏིག་བྱས་ནས་རྫོང་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་བྱ་རྒྱུ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མི་དམངས་ཀྱི་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུ་ཡིན”ཞེས་བཤད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་ཚེ་ཁོས་ཞུས)