《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月15日

རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་ལས་དོན་མཛུབ་ཁྲིད་ཚོགས་ཆུང་གིས་ཉིང་ཁྲིའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་མཛུབ་ཁྲིད་གནང་བ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་ཟླ་2ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་ལས་དོན་མཛུབ་ཁྲིད་ཚོགས་ཆུང་གིས་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་མིའི་སྡེ་ཁུལ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས། མི་དམངས་སྨན་ཁང་བཅས་སུ་ཕེབས་ཏེ། ཉིང་ཁྲི་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ཚུལ་ལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་དང་སྦྲགས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་ལས་དོན་མི་སྣར་གཟིགས་པ་རེད།

མཛུབ་ཁྲིད་ཚོགས་ཆུང་དང་བཅས་པ་ཉིང་ཁྲིའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་ཕེབས་ཏེ། ས་ཡུལ་དངོས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་ཚུལ་ལ་གཟིགས་ཞིབ་གནང་བ་དང་དེའི་སྐོར་གྱི་འབྲེལ་ཡོད་སྙན་སེང་གསན་ནས་གྲོང་ཁྱེར་དེའི་སྨན་བཅོས་འགོག་སྲུང་དང་། སྔོན་བཤེར་ཁག་བགོས་ནད་དཔྱད། ཚ་རྒྱས་སྒོ་བསྟེན་སྨན་ཁང་། ཁྱིམ་དུ་ལོགས་སུ་འཇོག་པ་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

མཛུབ་ཁྲིད་ཞིབ་བཤེར་བྱེད་རིང་། མཛུབ་ཁྲིད་ཞིབ་བཤེར་ཚོགས་ཆུང་གིས་ཉིང་ཁྲི་གྲོང་ཁྱེར་གྱིས་ཚད་མཐོའི་མཐོང་ཆེན་དང་། འཕྲལ་དུ་བྱ་སྤྱོད་སྤེལ་བ། བཀོད་སྒྲིག་དུས་ཐོག རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ནན་ཏན་བཅས་བྱས་པར་ཁས་ལེན་གང་ལེགས་གནང་བ་དང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་དང་ཚད་གཞིར་ཡང་ཡང་བསྡུར་བ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་མུ་མཐུད་ཚད་མཐོའི་མཐོང་ཆེན་བྱེད་པ། ནུས་ལྡན་གྱི་བྱེད་ཐབས་ཏན་ཏིག་སྤྱོད་པ། དཔྱིད་གསར་དུས་ཆེན་ཚར་རྗེས་བོད་དུ་ལོག་མཁན་མང་བའི་གནད་དོན་ལ་ཁ་གཏད་ཧུར་ཐག་གཅོག་པ། འགག་སྒོ་ནན་པོ་བསྲུངས་ནས་ཕྱི་ནས་འགོ་རྒྱུ་ནན་འགོག་བྱེད་པ། ཉིང་ཁྲི་གྲོང་ཁྱེར་དུ་རིམས་ནད་ཐོན་རྒྱུ་བཀག་འགོག་ནན་པོ་བཅས་བྱས་ནས། ནུས་ཤུགས་ཡོད་རྒུས་འགོག་རྒོལ་ནུས་ལྡན་དང་འགོག་ཟོན་ནུས་ལྡན་ཐུབ་པར་བྱས་ཏེ། རྒྱལ་ཡོངས་ཀྱི་རིམས་འགོག་ལས་དོན་ལ་མཐའ་མའི་རྒྱལ་ཁ་ལེན་ཆེད་ཉིང་ཁྲིས་ལེགས་སྐྱེས་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

(པ་ཕན་གྱིས་བསྒྱུར། བསྟན་བློ་དང་པ་ཕན་གྱིས་ཞུས)