《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月15日

ཁྲང་ཁྲུན།

ལུགས་རྙིང་ལོའི་ལོ་གསར་ཚེས་གཅིག་ཉིན། ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་ལུའེ་ཡོན་ཆུས་ཐིའེ་ཤིས་ཁྲོམ་གཞུང་ཆིང་ཕུའུ་སྡེ་ཁུལ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་འཛུགས་དགོས་པའི་གོང་རིམ་གྱི་བརྡ་ཐོ་ཞིག་འབྱོར་བ་དང་། སྡེ་ཁུལ་གྱི་གྲོང་མིས་གནས་ཚུལ་དེ་ཐོས་རྗེས་ཏང་ཡོན་དང་དང་བླངས་པ་མི་40ལས་གྲུབ་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཞབས་ཞུ་རུ་ཁག་ཅིག་རང་འགུལ་ངང་བཙུགས་ཏེ་ཉིན་ལྟར་ཕར་འགྲོ་ཚུར་འོང་བྱེད་མཁན་ཚོར་ཐོ་འགོད་དང་ཚ་བ་ལྟ་བ་མ་ཟད། གྲོང་མིའི་སྡོད་ཁང་ལ་དུག་སེལ་ཡང་བྱེད་ཅིང་། འདི་ནི་ཆིང་ཕུའུ་སྡེ་ཁུལ་དུ་དང་བླངས་པ་ཁྲང་ཧྲུའུ་ལིན་དང་། དབྱང་ཆིང་། ཡུས་ཞུའེ་མའེ(གཡོན་ནས་གཡས་བར)བཅས་ཀྱིས་ཕྱིར་འགྲོ་མཁན་གྲོང་མིར་འགྲོ་འོང་ལག་ཁྱེར་གཉེར་བཞིན་པ།