《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月15日

བློ་མཐུན་ལིའུ་ཅུས་ཡོན་སྐུ་གཤེགས་པ།

ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་དང་། བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་དེ་སྔའི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཐིང་ཀྲང་གཞོན་པ། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དེ་སྔའི་རིག་གནས་ལོ་རྒྱུས་དཔྱད་ཡིག་སློབ་སྦྱོང་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་བློ་མཐུན་ལིའུ་ཅུས་ཡོན་ནད་གཞིས་རྐྱེན་པས་སྨན་བཅོས་བྱས་རུང་མ་ཕན་པར། 2020ལོའི་ཟླ་2ཚེས་11ཉིན་སི་ཁྲོན་ཁྲེང་ཏུར་སྐུ་གཤེགས་པ་དང་སྐུ་གཤེགས་དུས་དགུང་ལོ་69ཡིན་པ་རེད།

བློ་མཐུན་ལིའུ་ཅུས་ཡོན་ནི་ཀན་སུའུ་ཝུའུ་ཝེ་ནས་ཡིན་པ་དང་། 1969ལོའི་ཟླ་5པར་ལས་ཀར་ཞུགས། 1982ལོའི་ཟླ་2པར། ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་དང་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་གྱི་འབྲོག་ལས་ཚོང་དོན་ཀུང་སིའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དང་ཅིང་ལི་གཞོན་པ(རྫོང་རིམ་པ་གཞོན་པ)དང་ནག་ཆུ་ས་ཁུལ་ཕྱུགས་ལས་ཅུས་ཀྱི་ཅུས་ཀྲང་གཞོན་པ། ཏང་ཙུའུ་ཡི་དེ་སྔའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་། ས་ཁུལ་ཕྱུགས་ལས་ཕྱོགས་བསྡུས་གསར་སྤེལ་འཛུགས་སྐྲུན་གཞུང་ལས་ཁང་གི་ཀྲུའུ་རེན། ནག་ཆུ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ། རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་ཏང་ཙུའུ་ཡི་ཁོངས་མི། ཐིང་ཀྲང་གཞོན་པ། ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། སྒྲིག་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་སོགས་ཀྱི་འགན་བཞེས་མྱོང་ཡོད། 2004ལོའི་ཟླ་2པར། རང་སྐྱོང་ལྗོངས་དམངས་སྲིད་ཐིང་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཐིང་ཀྲང་གཞོན་པ་གནང་བ་དང་། 2008ལོའི་ཟླ་1པོར། རང་སྐྱོང་ལྗོངས་སྲིད་གྲོས་རིག་གནས་ལོ་རྒྱུས་དཔྱད་ཡིག་སློབ་སྦྱོང་ཨུ་ལྷན་གྱི་ཀྲུའུ་རེན་གནང་བ། 2013ལོའི་ཟླ་2པར། རྩ་འཛུགས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་རྒན་ཡོལ་ཞུས་པ་རེད།