《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月15日

ཆབ་མདོའི་རྫོང་དང་ཆུས་ཁག་རྨོ་འདེབས་ལས་ལ་བྲེལ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་2ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ཆབ་མདོ་གྲོང་ཁྱེར་གྱིས་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་67.58དང་སྔོ་ཚལ་མུའུ་ཁྲི་6.43འདེབས་རྩིས་ཡོད་པ་དང་། གྲོའི་རིགས་ཀྱི་སོན་བཟང་མུའུ་ཁྲི་56.33ཁྱབ་གདལ་གཏོང་རྩིས་ཡོད་པ། ནས་ཀྱི་སོན་བཟང་རྒྱ་མ་ཁྲི་265.22དང་། གྲོའི་སོན་བཟང་རྒྱ་མ་ཁྲི་11.34 པད་ཁའི་སོན་བཟང་རྒྱ་མ་ཁྲི་5 ཞོག་ཁོག་གི་སོན་བཟང་རྒྱ་མ་ཁྲི་191.5བཅས་ཉོ་རྩིས་ཡོད་པ། རིམ་པ་དང་པོ་དང་གཉིས་པའི་སྐྱེ་འཚར་བཟང་བའི་སོན་བཟང་མུའུ་ཁྲི་3.3443སྐྲུན་རྩིས་ཡོད་པ་དང་། ས་དཔྱད་ལུད་སྦྱོར་རྒྱ་ཁྱོན་མུའུ་ཁྲི་48ལག་བསྟར་བྱ་རྩིས་ཡོད་པ། གནོད་མེད་འབྲུ་རིགས་ཐོན་མཐོ་ནུས་ཆེའི་གཏོད་འཛུགས་དཔེ་སྟོན་རྒྱ་ཁྱོན་མུའུ་ཁྲི་48སྐྲུན་རྩིས་ཡོད་པ་རེད།

མིག་སྔར། གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)ཁག་གིས་རྨོད་རྒྱག་པ་དང་། ས་ཁོད་སྙོམས་པ། རྩྭ་ངན་འགོག་པ། ནད་འབུ་འགོག་པ་སོགས་ཀྱི་ལས་ཀ་གོ་རིམ་བཞིན་སྒྲུབ་བཞིན་ཡོད་པ་རེད། འདི་ལོ་བྲག་གཡབ་དང་དཔའ་ཤོད་སོགས་རྫོང(ཆུས)གི་ས་བབ་དམའ་བའི་ས་ཁུལ་ཁག་གཅིག་ཏུ་ཟླ་བ་གསུམ་པའི་ཟླ་མཇུག་ཏུ་དཔྱིད་རྨོད་དཔྱིད་འདེབས་བྱ་རྩིས་ཡོད་པ་དང་། རྫོང(ཆུས)མང་ཆེ་བ་ཟླ་བ་བཞི་པ་ནས་འགོ་བཙུགས་ཏེ་སྔ་རྗེས་སུ་ས་བབ་དམའ་བའི་ས་ཁུལ་ནས་ས་བབ་མཐོ་བའི་ས་ཁུལ་བར་རིམ་པ་བཞིན་དཔྱིད་རྨོད་དཔྱིད་འདེབས་བྱ་རྒྱུ་རེད།