《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月15日

གཞིས་རྩེ་གྲོང་ཁྱེར་གྱིས་གཙོ་གནད་རྣམ་གྲངས་ལས་འགོ་བསྐྱར་དུ་འཛུགས་རྒྱུར་སྐུལ་འདེད་གཏོང་བ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་ཟླ་2ཚེས་13ཉིན་གློག་འཕྲིན་འབྱོར་གསལ། གཞིས་རྩེ་གྲོང་ཁྱེར་གྱིས་ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་སྣོད་བཅུད་འཕེལ་རྒྱས་བརྟན་པོ་མཐའ་འཁྱོངས་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མགྱོགས་མྱུར་བསྐྲུན་པའི“ཞིང་གསུམ”ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་ཞན་ཆའི་གཙོ་གནད་ལས་འགན་གཉིས་ལ་དམ་པོར་དམིགས་ཏེ། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་ལས་དོན་ལ་སླར་ཡང་སྐུལ་སློང་དང་སླར་ཡང་བཀོད་སྒྲིག་བྱས་ནས་དུས་བབ་ཀྱི་ལས་འགན་ལ་དབྱེ་ཞིབ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུར་ཤུགས་སྣོན་རྒྱག་པ། སྐུལ་འདེད་ཀྱི་བྱ་ཐབས་ཁ་གསལ་བཟོ་བ། ལོ་འཁོར་གྱི་ལས་འགན་ཁག་ལེགས་སྒྲུབ་ཡོང་བའི་འགན་ལེན་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་། མགྱོགས་མྱུར། སྐྱོན་བྲལ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། མིག་སྔར། གཞིས་རྩེ་གྲོང་ཁྱེར་གྱིས་རྣམ་གྲངས་10ལས་འགོ་བསྐྱར་ཚུགས་བྱས་པར་རིམ་རྩིས་བྱས་ན་ཁྱོན་མ་དངུལ་སྒོར་ཁྲི་5832.19བཏང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་གཞིས་རྩེ་གྲོང་ཁྱེར་གྱིས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཟོ་བཞིན་ཡོད་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ཀྱི་གཞི་རྩའི་བསམ་ཕྱོགས་བཟོ་བའི་ལས་དོན་བསྒྲུབས་ཟིན་པ། རྫོང(ཆུས)ཁག་དང་སྡེ་ཚན་ཁག་གི་བསམ་འཆར་བསྡུ་ལེན་གྱི་ལས་དོན་ལེགས་གྲུབ་ཟིན་པ་དང་འབྲེལ། རང་སྐྱོང་ལྗོངས་ལས་རིགས་སྡེ་ཚན་དང་མུ་མཐུད་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་བཞིན་ཡོད་པ་རེད། མིག་སྔར་བླང་བྱར་གཞིགས་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཟོ་བའི་དུས་མཚམས་གསུམ་པའི་ལས་དོན་སྤེལ་བཞིན་ཡོད་པ་དང་། འཆར་འགོད་དེ“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྲིད་ཇུས་ཀྱི་དགོས་མཁོ་དང་། སྒྱུར་བཅོས་ཀྱི་དགོས་མཁོ། གཙོ་གནད་རྣམ་གྲངས་ཀྱི་དགོས་མཁོ་བཅས་དང་འཚམ་པའི་འགན་ལེན་བྱེད་བཞིན་ཡོད་པ་རེད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། རིག་འཛིན་རྡོ་རྗེས་ཞུས)