《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月15日

ཏང་དར་གྱི་སྣེ་ཁྲིད་འོག་རིམས་ནད་འགོག་རྒོལ་གྱི་དམག་འཐབ་ནང་ཞུགས་པ།

ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་ཚུན། རང་སྐྱོང་ལྗོངས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་འཕྲལ་དུ་རིམ་པ་དང་པོའི་ལས་སྒྲུབ་བརྡ་ལན་འགོ་བཙུགས་ཤིང་། ཏང་ཡོན་མི་དམངས་ཉེན་རྟོག་པས་བསྟུད་མར་དམག་འཐབ་བྱེད་པའི་ཕུལ་བྱུང་གི་སྤྱོད་ཚུལ་དར་སྤེལ་བཏང་ནས་འཐབ་ས་དང་པོར་བསྐྱོད་དེ་འབད་འཐབ་བྱས་ནས་མཉམ་འགོག་མཉམ་སྒྲུབ་དང་། འགྲིམ་འགྲུལ་ཞིབ་བཤེར་ཚོད་འཛིན། ཞབས་ཞུ་འགན་ལེན་བཅས་ཀྱི་ལས་དོན་ཧུར་ཐག་བསྒྲུབས་པ་དང་། ལྷག་པར་དུ་བོད་དུ་ཡོང་མཁན་མི་སྣར་རིམས་ནད་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ཚོད་འཛིན་གྱི་ལས་དོན་གནད་སྨིན་ཡག་པོ་བསྒྲུབས་ནས་ཕྱི་ནས་མི་འགོ་བ་དང་ནང་དུ་མི་ཁྱབ་པ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱེད་བཞིན་ཡོད།

འདི་ནི་ལྷ་ཉིང་མྱུར་བགྲོད་གཞུང་ལམ་བྲག་ཆུའི་ལམ་མདོར་ལས་སྒྲུབ་མི་སྣས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་སྒོ་ནན་པོ་སྲུང་བཞིན་པ།