《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月11日

བློ་སེམས་གཅིག་མཐུན་གྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ།

↑ ཏང་ཡོན་ནི་དར་ཆ་ཞིག་དང་ཀྲི་པུའུ་ནི་མཁར་རྫོང་ཞིག་རེད། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་གི་ཏང་ཡོན་ཚོས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ནང་ཧུར་ཐག་ཞུགས་ཏེ་མང་ཚོགས་ཚོའི་རང་ངོས་ཀྱི་སྔོན་འགོག་ཚོད་འཛིན་གྱི་འདུ་ཤེས་ཟབ་གཏོང་དང་། མཉམ་འགོག་མཉམ་བཅོས་དང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུར་ཁྲིད་སྟོན་བྱས་ཤིང་། འདི་ནི་ཏང་ཡོན་ལས་བྱེད་པ་ལས་གྲུབ་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གདོང་ལེན་རུ་ཁག་ཡིན་པ།

↑ རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྨན་གཡོག་གིས་ཚ་བ་ལྟ་ཆས་ལ་ཞིབ་བཤེར་བྱེད་བཞིན་པ།

↑བོད་ལྗོངས་ཧྲེང་ཐེན་དུག་སེལ་ཐོན་རྫས་ཚད་ཡོད་ཀུང་སིའི་ལས་མི་དང་སྟག་རྩེ་ཆུས་ཀྱི་ཏང་ཡོན་ལས་བྱེད་པ་ཚོས་ལས་དུས་འཕར་མ་བྱས་ཏེ་དུལ་སེལ་གཤེར་ཁུ་ཐོན་སྐྱེད་བྱེད་བཞིན་པ།

↑ནག་ཆུ་གྲོང་ཁྱེར་བྲག་སྨུག་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱི་ལས་དོན་མི་སྣས་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་ལ་དུག་སེལ་བྱེད་བཞིན་པ།

← འཕྱོངས་རྒྱས་རྫོང་ཨུད་དྲིལ་བསྒྲགས་པུའི་ལས་བྱེད་པ་མེ་ཏོག་ལྷ་མཛེས་ཀྱིས་རྫོང་གྲོང་གི་ཚལ་ཚོང་ཁང་ཞིག་གི་སྒོ་འགྲམ་དུ་རིམས་ནད་སྔོན་འགོག་གི་དྲིལ་བསྒྲགས་སྦྱར་ཡིག་སྦྱོར་བཞིན་པ།

→ བོད་ལྗོངས་ཧྲུན་ཧྥེང་མྱུར་སྐྱེལ་ཚད་ཡོད་ཀུང་སི་སེ་ར་ལམ་ལས་གཉེར་ས་ཚིགས་ཀྱི་ལས་མིས་སྦྲག་ཐོག་བསྐུར་མ་དབྱེ་བ་འབྱེད་བཞིན་པ།

→ བོད་ལྗོངས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཁྲིམས་འཛིན་བརྟག་དཔྱད་ཉིང་ལག་རུ་ཁག་གི་ལག་ཁྱེར་གཉེར་སར་མི་དམངས་ཉེན་རྟོག་པས་ལག་ཁྱེར་གཉེར་མཁན་མང་ཚོགས་ཚོར་ཚ་བ་ལྟ་བཞིན་པ།