《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月11日

གཟའ་འཁོར་འདིའི་གནམ་གཤིས།

གཟའ་འཁོར་འདིར་གངས་ཆར་ཉུང་བ་དང་ལྷགས་པ་ཆེན་པོ་ཡོད།

གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(2020ལོའི་ཟླ་2ཚེས་10ནས་16ཉིན་བར)

གཟའ་ཟླ་བ་དང་མིག་དམར་ལ། ལྗོངས་ཡོངས་སུ་གནམ་དྭངས་ནས་སྐབས་འགར་སྤྲིན་པ་མང་པོ་འཁོར་རྒྱུ་དང་། ལྗོངས་ཡོངས་སུ་ནུབ་ནས་ཤར་བར་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་6བར་ཆག་རྒྱུ།

གཟའ་ལྷག་པ་དང་ཕུར་བུར། ལྗོངས་ཡོངས་སུ་གནམ་དྭངས་ནས་སྐབས་འགར་སྤྲིན་པ་མང་པོ་འཁོར་རྒྱུ།

གཟའ་མཇུག་ཏུ། ནག་ཆུའི་ཤར་རྒྱུད་དང་། ཆབ་མདོ། ཉིང་ཁྲི་བཅས་སུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་། ས་ཆ་ཁག་གཅིག་ལ་གནམ་འཐིབས་ནས་གངས་སམ་ཆར་པ་སིམ་སིམ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་ཉུང་ཉུང་འཁོར་རྒྱུ།

གཟའ་འཁོར་འདིར་བོད་བྱང་ཐང་རྒྱུད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་དུ་ལྷགས་པ་ཆེན་པོ་རིམ་པ་8ཡས་མས་རྒྱག་རྒྱུ་དང་། ཡར་ཀླུང་གཙང་པོ་རྒྱུག་ཁུལ་དུ་ལྷགས་པའམ་ཐལ་རླུང་རིམ་པ་4ནས་6བར་རྒྱག་རྒྱུ།

གཉིས། གྲོས་འགོ

1.ཁ་བ་བུ་ཡུག་གི་གནམ་གཤིས་ལས་འགྲོ་ལམ་འགྲིམ་འགྲུལ་དང་འབྲོག་ལས་ཐོན་སྐྱེད་ལ་ཤུགས་རྐྱེན་ངན་པ་ཐེབས་རྒྱུར་དོགས་ཟོན་བྱེད་དགོས།

2.ཕྱི་དྲོར་གཙང་པོ་རྒྱུག་ཁུལ་དུ་ཐལ་རླུང་ལྡང་སྲིད་པས་དོགས་ཟོན་བྱེད་དགོས།