《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月11日

ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་ཤེས་དཔལ་སྲོལ་གཏོད་ཨུ་ལྷན་གྱི་2020ལོའི་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་9ཉིན་གནས་ཚུལ་འབྱོར་གསལ། ཚེས་7ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། རང་སྐྱོང་ལྗོངས་ཤེས་དཔལ་སྲོལ་གཏོད་མཛུབ་ཁྲིད་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་ཤེས་དཔལ་སྲོལ་གཏོད་ཨུ་ལྷན་གྱི་2020ལོའི་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་བ་དང་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་བསམ་པའི་དཔལ་ཡོན་སྲོལ་གཏོད་ཁྱབ་ཁོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་འགན་གལ་ཆེན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཕེབས་པ་རེད།

ཏིང་ཡེ་ཤན་གྱིས་ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་བྱེད་དགོས་ཤིང་། བསམ་པའི་དཔལ་ཡོན་སྲོལ་གཏོད་ཐད་མི་ཚང་མར་འགན་འཁྲི་ཡོད་པ་དང་མི་ཚང་མ་ཞུགས་པའི་བསམ་བློ་བརྟན་པོ་འཛུགས་པ་དང་། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་བྱེད་སྒོ་རྒྱ་ཁྱབ་གཏིང་ཟབ་ངང་སྤེལ་བ། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་ཤུགས་ཆེན་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། རིམས་ནད་ཀྱི་མདུན་དུ་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་ཐབས་སྤྱད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ནས་སྲིད་ཇུས་བྱེད་ཐབས་དྲིལ་བསྒྲགས་དང་གསལ་འགྲེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱོན་བྲལ་གྱི་འདུ་ཤེས་དང་འགོ་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན། མང་ཚོགས་ཀྱིས་རིམས་ནད་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པར་ཁྲིད་སྟོན་བཅས་བྱས་ཏེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པར་གླེང་ཕྱོགས་ཀྱི་འདེགས་སྐྱོར་ཤུགས་ཆེན་བྱེད་དགོས། དུས་རབས་ཀྱི་སྲོལ་གསར་དར་སྤེལ་གཏོང་དགོས་ཤིང་། བསམ་པའི་དཔལ་ཡོན་གྱི་སློབ་གསོ་སྤེལ་རྒྱུ་དེ《དུས་རབས་གསར་པའི་སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་གི་ལག་བསྟར་རྩ་གནད》དང《དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ལག་བསྟར་གྱི་རྩ་གནད》ལག་བསྟར་དང་ཟུང་འབྲེལ་ནུས་ལྡན་བྱས་ཏེ་རྒྱལ་གཅེས་རིང་ལུགས་ལྟེ་བར་བྱེད་པའི་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། སྒྱུར་བཅོས་གསར་གཏོད་ལྟེ་བར་བྱེད་པའི་དུས་རབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་དང་། ལས་རིགས་ཀྱི་ཀུན་སྤྱོད། ཁྱིམ་ཚང་གི་སྤྱོད་བཟང་། མི་སྒེར་གྱི་གཤིས་བཟང་བཅས་འཛུགས་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། སྔོན་ཐོན་དཔེ་མཚོན་འདེམས་པ་དང་གཏོད་དགོས་ཤིང་། རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་མི་རིགས་ཀྱི་སྙིང་སྟོབས་སྤེལ་བ་དང་མི་ཡུལ་གྱི་བརྩེ་བ་ཆེ་མོ་དར་སྤེལ་གཏོང་བའི་རླབས་ཆེན་གྱི་ལག་ལེན་དང་གསོན་ཉམས་དོད་པའི་བསླབ་གཞིར་བརྩིས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དང་འཕེལ་རིམ་གཏོང་སྤེལ་གཏིང་ཟབ་བྱེད་པ་དང་། རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་ས་དང་པོ་དང་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་གསོན་ཉམས་དོད་པའི་དཔེ་མཚོན་གྱི་བྱ་བ་དང་དཔེ་མཚོན་གྱི་མི་སྣ་སྔོག་འདོན་བྱས་ཏེ་ཉེ་འགྲམ་གྱི་བྱ་བར་བརྟེན་ནས་ཉེ་འགྲམ་གྱི་མིར་སྐུལ་མ་ཐེབས་པར་བྱས་ཏེ་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱེད་དགོས། ལས་ཀའི་སྒྲིག་ལམ་ནན་པོ་སྲུང་དགོས་ཤིང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ཕྱོགས་ཁག་གི་སྟོབས་ཤུགས་ཀྱིས་སེམས་ནུས་དེ་བས་མང་བ་བརྟན་ལྷིང་སྲུང་སྐྱོང་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་བཞག་སྟེ་ལས་ཀའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

(བདེ་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་དང་བསྟན་བཟང་གིས་ཞུས)