《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月11日

ཝུའུ་དབྱིང་ཅེས་ཉིང་ཁྲིར་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་དང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་སྐོར་ལ་བརྟག་ཞིབ་གནང་བ།

འདི་ནི་ཟླ་2ཚེས་7ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་གཞི་རིམ་གྱི་ཤང་དང་། གྲོང་རྡལ། གྲོང་ཚོ་བཅས་སུ་ཕེབས་ནས། ཞིང་འབྲོག་ཐོན་ལས་འཕེལ་རྒྱས་དང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་སྐོར་ལ་དམིགས་ཏེ་བརྟག་ཞིབ་གནང་བ་རེད། འདི་ནི་བྲག་ཡིབ་ཆུས་སྨན་རི་ཤང་དུ་ཝུའུ་དབྱིང་ཅེས་ལས་བྱེད་པ་དང་མང་ཚོགས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་བ་དང་འབྲེལ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་ཟླ་2ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་གཞི་རིམ་གྱི་ཤང་དང་། གྲོང་རྡལ། གྲོང་ཚོ་བཅས་སུ་ཕེབས་ནས། ཞིང་འབྲོག་ཐོན་ལས་འཕེལ་རྒྱས་དང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་སྐོར་ལ་དམིགས་ཏེ་བརྟག་ཞིབ་གནང་བ་མ་ཟད། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་བྱམས་བརྩེའི་ངང་གཟིགས་པ་རེད། ཁོང་གིས། “འདུ་ཤེས་བཞི”སྔར་བས་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ་དང་། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་རྒྱུ་ཁྲིད་སྟོན་དུ་བྱེད་པ། ཞིང་འབྲོག་ཐོན་ལས་འཕེལ་རྒྱས་དང་ཞིང་འབྲོག་པར་འབབ་འཕར་ཡོང་བའི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། གདེང་ཚོད་སྔར་བས་བརྟན་དུ་གཏོང་བ་དང་མཉམ་དུ་དཀའ་གནད་ལས་སྒྲོལ་བ། མི་རིགས་ཁག་གི་མི་དམངས་ཚོས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་བཅས་ཀྱི་སྒོ་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་མ་ཧྲེང་ཁྲང་རྣམ་གཉིས་ཀྱིས་བརྟག་ཞིབ་ལ་ཕེབས་རོགས་ཞུས་པ་རེད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

བྲག་ཡིབ་ཆུས་སྨན་རི་ཤང་ཐོག་སྨད་གྲོང་ཚོའི་གནོད་མེད་སྔོ་ཚལ་དཔེ་སྟོན་རྟེན་གཞིར་མུའུ་650ཡོད་པ་དང་། 2019ལོར་སྔོ་ཚལ་སྣ་ཚོགས་ཁྱོན་ཏུན་650ཐོན་སྐྱེད་བྱས་པར་ཐོན་རྫས་རིན་ཐང་སྒོར་ཁྲི་500ལྷག་ཙམ་ཟིན་ཡོད། ཝུའུ་དབྱིང་ཅེ་དེ་གར་ཕེབས་ནས་འདེབས་ཁྱོན་དང་། འདེབས་སྣ། གཉེར་སྐྱོང་གི་ཕན་འབྲས་བཅས་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

ས་གནས་དེའི་འགན་འཁུར་བས། མིག་སྔར་བྲག་ཡིབ་ཆུས་ཀྱི་སྔོ་ཚལ་འདེབས་ཁྱོན་མུའུ་9600ཟིན་པ་དེས་ས་གནས་དེ་གའི་ཁྲོམ་རའི་དགོས་མཁོ་80%སྐོང་ཐུབ་ཀྱི་ཡོད། སླད་ཕྱིན་སྨན་རི་ཤང་དུ་དུས་མཚམས་དབྱེ་ནས་མུའུ་ཁྲི་1ཟིན་པའི་སྔོ་ཚལ་འདེབས་འཛུགས་རྟེན་གཞི་བསྐྲུན་ཏེ། སྨན་རི་བྲག་ཡིབ་ཆུས་ཀྱི“སྔོ་ཚལ་གྱི་ཕ་ཡུལ”དུ་གཏོད་རྒྱུ་ཡིན་པ་དང་། སྐབས་དེ་དུས་ད་དུང་ཁྲོམ་ར་ལྷ་སར་རྒྱ་སྐྱེད་གཏོང་ཐུབ་པའི་བརྩོན་ལེན་བྱེད་ཀྱི་ཡིན་ཞེས་བཤད་པ་རེད། ཝུའུ་དབྱིང་ཅེས་ཁོ་ཚོའི་བསམ་ཚུལ་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་བཏང་ནས། གཞི་ཁྱོན་ངེས་ཅན་ལྡན་པའི་གཉེར་སྐྱོང་གོང་འཕེལ་བཏང་སྟེ་ཞིང་དུད་ཆུང་གྲས་དང་དེང་རབས་ཞིང་འབྲོག་ལས་ཀྱི་འཕེལ་རྒྱས་སྦྲེལ་མཐུད་ནུས་ལྡན་ཐུབ་པའི་ལྕག་སྐུལ་གནང་ཡོད། དེ་དང་ཕྱོགས་མཚུངས་ཁེ་ལས་ཀྱི་ཐོན་འཕར་ནུས་ཆེ་དང་ཁེ་ལས་ཀྱི་ལས་བཟོའི་ཕན་བདེ་ཐོབ་ཐང་ལེགས་སུ་གཏོང་བ་དང་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་མ་གཏོང་བའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས། ཁེ་ལས་ཀྱི་འཕེལ་རྒྱས་དང་མང་ཚོགས་ཀྱི་འབབ་འཕར་དབར་གྱི་འབྲེལ་བ་སྔར་བས་དམ་ཟབ་ཡོང་བར་བྱེད་དགོས། མ་དངུལ་འཇོག་པའི་ཁོར་ཡུག་སྔར་བས་ལེགས་སྒྲིག་བྱས་ཏེ་ནང་སའི་འདེབས་འཛུགས་ཁེ་ལས་དང་ཕྱུག་འགྱུར་འཇོན་ཐང་ཅན་བོད་དུ་བྱ་གཞག་འཕེལ་རྒྱས་དང་ལས་གཏོད་བྱེད་པར་ཡོང་བའི་ཡིད་དབང་བཀུག་སྟེ་ས་གནས་མང་ཚོགས་ཕྱུག་པོ་ཆགས་རྒྱུར་སྣེ་འཁྲིད་པ་དང་ཆབས་ཅིག མི་རིགས་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

སྨན་རི་ཤང་སད་སྒོ་ར་གྲོང་ཚོར་ཁྱོན་དུད་ཚང་36གི་མི་གྲངས་171ཡོད་པའི་ཁྲོད་ཏང་ཡོན་37ཡོད་པ་དེ་ཉེ་རིང་གང་སར་སྐད་གྲགས་ཡོད་པའི“དུད་ཚང་ཚང་མར་ཏང་ཡོན”ཡོད་པའི་གྲོང་ཚོ་རེད། ཝུའུ་དབྱིང་ཅེ་དེ་གར་ཕེབས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ལ་ཞིབ་བཤེར་གནང་བ་དང་སྦྲགས། གྲོང་ཚོའི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་གནས་ཚུལ་ཡང་མཁྱེན་རྟོགས་གནང་བ་རེད། ཝུའུ་དབྱིང་ཅེས་གཞི་རིམ་ཏང་རྩ་འཛུགས་ནི་ཏང་གིས་བོད་དུ་སྲིད་སྐྱོང་བའི་གནས་བབ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བའི་གཞི་རྩའི་འགན་ལེན་ཡིན་པས། ཏང་གིས་འགོ་ཁྲིད་པའི་རྩ་བའི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་གང་ལེགས་བཏོན་ཐོག 《ཀྲུང་གོ་གུང་ཁྲན་ཏང་གི་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་ལས་དོན་སྲོལ་ཡིག》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་སྲུང་སྐྱོང་ཐུབ་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ། འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པ་བཅས་ཀྱི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་བསྐྲུན་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས། སློབ་སྦྱོང་གི་རྣམ་པ་དང་། ཞབས་ཞུའི་རྣམ་པ། གསར་གཏོད་ཀྱི་རྣམ་པ་བཅས་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

ཝུའུ་དབྱིང་ཅེས་ད་དུང་སྨན་རི་ཤང་གི་ལས་བྱེད་པར་གཟིགས་པ་དང་འཚམས་འདྲི་གནང་བ་དང་འབྲེལ། ཚང་མས་གཞི་རིམ་གྱི་འཐབ་ས་དང་པོ་བསྲུངས་ནས་སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་འདས་ཟིན་པའི་ལོ་ངོ་40ལྷག་ཙམ་གོང་གི་སྨན་རི་ཤང་གི་གནས་ཚུལ་ཕྱིར་དྲན་གནང་སྐབས། དེ་ག་ཐག་རིང་ལུང་ཁུག་ཏུ་གནས་ཏེ་ཆ་རྐྱེན་ལྷག་པར་ཞན། ད་ཆ་འགྲིམ་འགྲུལ་ཤར་གཏོང་ཐུབ་པ་དང་། ཐོན་ལས་སྟོབས་ཆེར་ཕྱིན་པ། མང་ཚོགས་ཕྱུག་པོ་ཆགས་ཡོད་པས་ང་ཚོས་ངེས་པར་དུ་རང་འཁྲིའི་ལས་གནས་ལ་གཞི་ཚུགས་ནས་མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ལས་བྱུང་བ་དང་། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་ལས་བྱུང་བའི་ངོས་འཛིན་དང་། མང་ཚོགས་ལ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བའི་རྩ་བའི་འགན་ལེན་ཡིན་པའི་ངོས་འཛིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་དབུས་སུ་བརྟན་པོར་ཟུག་པ། མི་རིགས་ཁག་གི་མང་ཚོགས་ཚོར་དུས་དང་རྣམ་པ་ཀུན་ཏུ་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སློབ་གསོ་དང་ཁྲིད་སྟོན་བཅས་བྱས་ནས་བྱ་སྤྱོད་ངོ་མར་བརྟེན་ཏེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་པ་རེད།

བྲག་ཡིབ་ཆུས་དགུང་ཚང་མོན་པ་མི་རིགས་ཤང་གི་ཞིང་ལས་ལྟ་སྐོར་གླིང་གི་རྒྱ་ཁྱོན་མུའུ་1000ཙམ་ཡོད་ཅིང་། ཐོན་སྐྱེད་འདེབས་འཛུགས་དང་། མཛོད་ཉར་ཟོག་འགྲེམས། ཕྱིར་ཚོང་ཞབས་ཞུ་བཅས་གཞི་གཅིག་ཏུ་བསྡུས་ཏེ་འབྲི་ཏ་ས་འཛིན་དང་ཤིང་འབྲས་ལྡུམ་སྒོང་སོགས་ཟུར་སྣོན་རིན་ཐང་མཐོ་བའི་ཤིང་འབྲས་གཙོ་གནད་འདེབས་འཛུགས་བྱས་ཡོད། ཝུའུ་དབྱིང་ཅེ་དེ་གར་ཕེབས་ནས་མང་ཚོགས་ཀྱི་འབབ་འཕར་དང་། ས་ཞིང་ནང་བཤུག ཐོན་སྐྱེད་ཕྱིར་ཚོང་བཅས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

“ད་ཆ་ཁེ་ལས་ཀྱི་གཉེར་སྐྱོང་ལ་གནད་དོན་གང་འཕྲད་ཀྱི་འདུག་གམ། ཏང་ཨུད་དང་སྲིད་གཞུང་གིས་ཐག་གཅོད་བྱེད་རོགས་བྱེད་དགོས་པའི་དཀའ་ངལ་འདུག་གམ”ཞེས་ཝུའུ་དབྱིང་ཅེས་རང་འགུལ་ངང་ཁེ་ལས་ཀྱི་གཉེར་སྐྱོང་གནས་ཚུལ་བཀའ་འདྲི་གནང་སྐབས། ཁེ་ལས་ཀྱི་འགན་འཁུར་བས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་པའི་རྐྱེན་གྱིས་མིག་སྔར་ཁེ་ལས་ཀྱི་ཐོན་ཟོག་ཕྱིར་ཚོང་ལ་ཤུགས་རྐྱེན་ཕོག་པ་མ་ཟད། མ་རྩ་འཁོར་རྒྱུག་ལ་དཀའ་ངལ་འཕྲད་ཀྱི་འདུག་པས་དངུལ་རྩའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་དེ་བས་ལེགས་པ་འཐོབ་པའི་རེ་བ་ཡོད་ཅེས་ཞུས། ཝུའུ་དབྱིང་ཅེས་གསན་རྗེས་མིག་སྔར་རིམས་ནད་ཐོན་སྐབས་ལྗོངས་ཡོངས་ཀྱི་ས་གནས་ཁག་གི་ཁེ་ལས་དང་ཚོང་དུད་ཀྱི་ཐོན་སྐྱེད་གཉེར་སྐྱོང་ཚང་མར་ཚད་གཞི་མི་འདྲ་བའི་ཤུགས་རྐྱེན་ཐེབས་ཡོད་པས་ང་ཚོས་གདེང་ཚོད་བརྟན་དུ་གཏོང་བ་དང་། ཁ་གཏད་ཧུར་ཐག་གཅོག་པ། མཉམ་དུ་དཀའ་ངལ་སེལ་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

སྣང་རྫོང་བོད་ཕག་གསོ་ཚགས་ར་བ་དང་བྲག་ཡིབ་ཆུས་སྦེ་པ་གྲོང་རྡལ་སྟོད་ལུང་བོད་ཕག་སྣོད་བཅུད་གསོ་ཚགས་རྟེན་གཞིར་ཝུའུ་དབྱིང་ཅེས་བཤས་གཏོང་ཚད་དང་། ཚོང་ལམ། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཝུའུ་དབྱིང་ཅེས་ང་ཚོས་ཚོང་འགུགས་མ་འདྲེན་དང་ཐོན་ལས་འཕེལ་རྒྱས་གཏོང་བའི་དམིགས་ཡུལ་གཙོ་བོ་ནི་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་རྒྱུ་དེ་རེད། ཞིང་འབྲོག་པའི་སྣེ་འདྲེན་ཐོན་ལས་ལ་རྒྱབ་སྐྱོར་བྱེད་པ་དང་ཞིང་འབྲོག་མང་ཚོགས་དེ་བས་མང་བ་རང་ལྗོངས་ཀྱི་ཞིང་འབྲོག་ཐོན་ལས་འཛུགས་སྐྱོང་ལ་ཞུགས་པར་སྣེ་ཁྲིད་བྱས་ཏེ། བྱ་ཐབས་མང་ཤོས་སྤྱོད་པ་དང་འབད་བརྩོན་ཆེ་ཤོས་ལ་བརྟེན་ནས་མང་ཚོགས་ལ་ཡོང་འབབ་དེ་བས་མང་བ་རག་པ་བྱེད་དགོས། རིམས་ནད་སྔོན་འགོག་གི་བྱ་ཐབས་ནན་དུ་བཏང་ནས་ཚན་རིག་ཅན་དང་། ཚད་ལྡན་ཅན། གཞི་ཁྱོན་ཅན་བཅས་ཀྱི་གསོ་ཚགས་མཐའ་འཁྱོངས་བྱེད་པ་དང་དུས་མཚུངས། བོད་ཕག་གི་སྔར་ཡོད་རིགས་ཀྱི་ལེགས་ཆ་རྒྱུན་འཁྱོངས་དང་སྲོལ་རྒྱུན་གྱི་ཐོན་སྐྱེད་བྱེད་ཐབས་སྲུང་སྐྱོང་ཡག་པོ་བྱེད་དགོས། ཐོན་ལས་ཀྱི་འཆར་འགོད་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་ལས་འཁོར་སྦྲེལ་རྒྱ་ཆེར་གཏོང་བ། རིམ་པ་མང་པོ་དང་ཕྱོགས་ཡོངས་ནས་ཐོན་ལས་མ་ལག་སྐྲུན་པ་བཅས་བྱེད་དགོས། སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་གྱི་འབྲེལ་བར་ངོས་འཛིན་ཡང་དག་དང་ཐག་གཅོད་ཡག་པོ་བྱས་ཏེ་ཚན་རིག་དང་མཐུན་པའི་ངང་ནགས་སར་ཕྱུགས་འཚོ་ནུས་ཚད་ལེན་ཞིབ་རྩིས་བྱས་ནས་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་མི་ཐེབས་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

(བདེ་སྐྱིད་སྒྲོལ་དཀར་དང་བསོད་ནམས་དཔའ་མོས་སྒྱུར་ཞུས་བྱས)