《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月10日

མི་ཚོགས་མི་འདྲ་བས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་བྱེད་སྐབས་ཁ་རས་གདམ་ག་དང་བེད་སྤྱོད་བྱེད་སྟངས་མཛུབ་ཁྲིད།

ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་མཆེད་རིང་། རང་ལ་འཚམ་པའི་ཁ་རས་རྒྱག་དགོས་ཤིང་། དེ་ཡང་རིམས་ནད་སྔོན་འགོག་གི་ལས་ཀའི་ངོ་བོ་དང་ཉེན་ཁ་ཆེ་ཆུང་ལ་གཞིགས་ནས་མཛུབ་ཁྲིད་བྱ་རྒྱུ་གཤམ་གསལ།

གཅིག ཉེན་ཁ་ཆེ་བའི་མི་སྣ།

(གཅིག)མི་སྣའི་དབྱེ་བ།

1.ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ཀྱི་ནད་པའི(གཏན་འཁེལ་བའི་ནད་དཔེ་དང་དོགས་ཡོད་ནད་དཔེ)ནད་ཁང་དང་། ICU(ནད་གཞི་ཚབས་ཆེན་ལྟ་ཞིབ་ཁང)ལྟ་ཉར་ཁང་བཅས་སུ་ལས་ཀ་བྱེད་མཁན་ལས་དོན་པ་ཡོངས་རེད། དེའི་ནང་ནད་ཐོག་སྨན་བཅོས་ཀྱི་སྨན་པ་དང་། སྨན་གཡོག ནད་གཡོག གཙང་སྦྲ་བྱེད་མཁན། པུར་ལས་བྱེད་མཁན་སོགས་ཚུད་ཡོད།

2.རིམས་ནད་ཁུལ་གྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་དང་ཚ་ནད་སྒོ་བསྟེན་སྨན་ཁང་གི་སྨན་པ་དང་སྨན་གཡོག

3.གཏན་འཁེལ་བའི་ནད་དཔེ་དང་དོགས་ཡོད་ནད་དཔེར་རིམས་ནད་རིག་པའི་བརྟག་དཔྱད་བྱེད་མཁན་གྱི་སྤྱི་པའི་འཕྲོད་བསྟེན་སྨན་པ།

(གཉིས)འགོག་སྲུང་གྲོས་འགོ

1.སྨན་སྤྱོད་འགོག་སྲུང་ཁ་རས་རྒྱག་དགོས།

2.རིམས་ནད་ཕོག་པའི་ནད་པར་ཛ་དྲག་གི་མྱུར་སྐྱོབ་དང་། དབུགས་ལམ་དུ་སྦུ་གུ་རྒྱུ་བ། དབུགས་ཤེལ་གྱི་བརྟག་དཔྱད་བྱེད་སྐབས་མིག་སྲུང་མིག་ཤེལ་ལམ་ཡང་ན་འགོག་སྲུང་ངོ་ཁེབས་གྱོན་དགོས།

3.སྨན་སྤྱོད་འགོག་སྲུང་ཁ་རས་ཁ་ཐང་བའི་སྐབས་N95དང་KN95དེ་བཞིན་དེ་ཡན་གྱི་ཚད་གཞི་དང་མཐུན་པའི་ཕྲ་རྡུལ་འགོག་པའི་ཁ་རས་ཀྱིས་ཚབ་བྱ་ཆོག་ལ། རང་རྔུབ་དྭངས་གསིང་དབུགས་རྔུབ་ལེན་ཡོ་ཆས(ངོ་གདོང་ཡོངས་སུ་ཁེབས་པའམ་ཕྱེད་ཀ་ཁེབས་པ)ཕྲ་རྡུལ་འགོག་པའི་དྭངས་གསིང་སྲིང་བལ་མཉམ་དུ་སྤྱད་ན་འགྲིག་པ་དང་། རླུང་འགྲོ་ཐུབ་པའི་དྭངས་གསིང་དབུགས་རྔུབ་ལེན་ཡོ་ཆས་ཀྱི་འགོག་སྲུང་ནུས་པ་དེ་བས་ལེགས་པ་ཡོད།

གཉིས། ཉེན་ཁ་ཅུང་ཆེ་བའི་མི་སྣ།

(གཅིག)མི་སྣའི་དབྱེ་བ།

1.དོས་དྲག་ཚན་ཁག་ཏུ་ལས་ཀ་བྱེད་མཁན་སྨན་དོན་མི་སྣ་སོགས།

2.ནད་པ་དང་འབྲེལ་ཐུག་དམ་ཟབ་བྱེད་མྱོང་ཡོད་པའི་མི་སྣར་རིམས་ནད་རིག་པའི་བརྟག་དཔྱད་བྱེད་མཁན་གྱི་སྤྱི་པའི་འཕྲོད་བསྟེན་སྨན་པ།

3.རིམས་ནད་དང་འབྲེལ་བའི་ཁོར་ཡུག་དང་སྐྱེ་དངོས་ཀྱི་མ་དཔེ་ཞིབ་དཔྱད་བྱེད་མཁན།

(གཉིས)འགོག་སྲུང་གྲོས་འགོ

N95དང་KN95 དེ་བཞིན་དེ་ཡན་གྱི་ཚད་གཞི་དང་མཐུན་པའི་ཕྲ་རྡུལ་འགོག་པའི་ཁ་རས་རྒྱག་དགོས།

གསུམ། ཉེན་ཁ་འབྲིང་ཙམ་གྱི་མི་སྣ།

(གཅིག)མི་སྣའི་དབྱེ་བ།

1.སྤྱིར་བཏང་སྒོ་བསྟེན་དང་ནད་ཁང་དུ་ལས་ཀ་བྱེད་མཁན་གྱི་སྨན་དོན་མི་སྣ་སོགས།

2.མི་ཚོགས་སྟུག་སར་ལས་ཀ་བྱེད་མཁན་སྟེ། སྨན་ཁང་དང་། གནམ་ཐང་། མེ་འཁོར་བབས་ཚུགས། ས་འོག་ལྕགས་ལམ། སྤྱི་སྤྱོད་རླངས་འཁོར། གནམ་གྲུ། མེ་འཁོར། སྒོ་རྩིས་ཚོང་ཁང་། ཟ་ཁང་སོགས་སུ་ལས་ཀ་བྱེད་མཁན།

3.རིམས་ནད་དང་འབྲེལ་ཡོད་ལས་ཀ་བྱེད་མཁན་གྱི་སྲིད་འཛིན་དོ་དམ་པ་དང་། ཉེན་རྟོག་པ། བདེ་སྲུང་བ། མྱུར་སྐྱེལ་བ་སོགས།

4.ཁྱིམ་དུ་ལོགས་སུ་སྡོད་མཁན་དང་མཉམ་དུ་འཚོ་བ་སྐྱེལ་མཁན།

(གཉིས)འགོག་སྲུང་གྲོས་འགོ

སྨན་སྤྱོད་ཁ་རས་རྒྱག་དགོས།

བཞི། ཉེན་ཁ་ཅུང་ཆུང་བའི་མི་སྣ།

(གཅིག)མི་སྣའི་དབྱེ་བ།

1.སྒོ་རྩིས་ཚོང་ཁང་དང་། ཚོང་ར། འགྲིམ་འགྲུལ་ཡོ་ཆས། གློག་སྐས་སོགས་མི་ཚོགས་སྟུག་སའི་སྤྱི་དམངས།

2.ཁང་ནང་ལས་སྒྲུབ་མི་སྣ།

3.སྨན་བཅོས་སྒྲིག་གཞིར(ཚ་ནད་སྒོ་བསྟེན་སྨན་ཁང)ནད་བསྟེན་མཁན་ནད་པ།

4.བུ་བཅོལ་ཁང་སོགས་གཅིག་སྡུད་སློབ་སྦྱོང་དང་བྱེད་སྒོ་སྤེལ་སའི་བྱིས་པ་དང་སློབ་གྲྭར་ཡོད་པའི་སློབ་མ་སོགས།

(གཉིས)འགོག་སྲུང་གྲོས་འགོ

སྤྱོད་གཅིག་མའི་སྨན་སྤྱོད་ཁ་རས(བྱིས་པར་ནུས་པ་འདྲ་མཚུངས་ཀྱི་ཐོན་རྫས་འདེམས་དགོས)རྒྱག་དགོས།

ལྔ། ཉེན་ཁ་ཆུང་བའི་མི་སྣ།

(གཅིག)མི་སྣའི་དབྱེ་བ།

1.ཁྱིམ་དུ་སྡོད་མཁན་དང་ཁ་ཐོར་དུ་སྡོད་མཁན།

2.ཕྱི་རོལ་ཏུ་འགྲོ་སྐྱོད་བྱེད་མཁན། དེའི་ནང་ཐང་སྟོང་དུ་འགྲོ་སྐྱོད་བྱེད་མཁན་བྱིས་པ་དང་སློབ་མ་ཚུད་ཡོད།

3.རླུང་འགྲོ་ཡག་པའི་ལས་ཀ་བྱ་ཡུལ་དུ་ལས་ཀ་བྱེད་མཁན།

(གཉིས)འགོག་སྲུང་གྲོས་འགོ

ཁྱིམ་དུ་སྡོད་སྐབས་དང་། རླུང་འགྲོ་ཡག་པ། མི་ཚོགས་མང་པོ་མེད་སར་ཁ་རས་མ་བརྒྱབ་ནའང་འགྲིག སྨན་སྤྱོད་ཁ་རས་མ་ཡིན་པའི་ཁ་རས་གཞན་ལའང་འགོག་སྲུང་ནུས་པ་ངེས་ཅན་ལྡན་པས། གློ་ལངས་པ་དང་། ཧབ་ཆི་རྒྱག་པ། སྐད་ཆ་ཤོད་པ་སོགས་ཀྱི་སྐབས་བྱུང་བའི་མཆིལ་མ་འགོག་པའི་ནུས་པ་ལྡན་པས། གནས་ཚུལ་ལ་གཞིགས་ནས་གདམ་ག་བྱ་ཆོག

དྲུག བེད་སྤྱོད་དོན་ཚན།

ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་མཆེད་རིང་། སྤྱི་དམངས་ཀྱི་བདེ་ཐང་འགན་སྲུང་བྱེད་པའི་སྔོན་འགྲོའི་འོག ཁ་རས་སྤྱོད་ཡུན(སྤྱོད་ཡུན་དང་སྤྱོད་ཐེངས)འོས་འཚམ་རིང་དུ་བཏང་ཆོག

(གཅིག)ཁ་རས་བརྗེ་བ།

1.སྨན་སྤྱོད་ཚད་གཞིའི་འགོག་སྲུང་ཁ་རས་ཀྱི་སྤྱོད་ཡུན་ལ་དུས་བཅད་ཡོད་པ་དང་། ཁ་རས་ཆེད་མིས་ཆེད་སྤྱོད་བྱེད་པ་ལས། ཕན་ཚུན་སྤྱོད་རེས་བྱ་མི་རུང་། ཉེན་ཁ་ཆེ་བའི་མི་སྣ་ལས་ཀ་ཚར་བ་དང་། བར་དུ་ཁ་ལག་ཟ་བ(ཆུ་འཐུང་བ) གསང་སྤྱོད་ལ་འགྲོ་བ་སོགས་ཀྱི་སྐབས་ཁ་རས་ཕུད་རྗེས་གསར་པ་བརྗེ་དགོས།

2.ཁ་རས་ལ་ནད་པའི་ཁྲག་གམ་དབུགས་ལམ་དང་སྣ་ཁུང་གི་ཟགས་དངོས་དང་དེ་བཞིན་གཤེར་ཁུ་གཞན་དག་འགོས་པ་རྣམས་འཕྲལ་དུ་བརྗེ་དགོས།

3.ཉེན་ཁ་ཅུང་ཆེ་བའི་མི་སྣས་དོགས་ཡོད་ནད་པར་བརྟག་དཔྱད་བྱས་རྗེས་བརྗེ་དགོས།

4.ཉེན་ཁའི་རིགས་གཞན་དག་ཡོད་པའི་མི་སྣས་ཁ་རས་ཐེངས་མང་སྤྱད་ཆོག ཁ་རས་མ་བརྒྱབ་གོང་ལག་པ་འཁྲུ་དགོས། ཁ་རས་རྒྱག་སྐབས་ལག་པ་ཁ་རས་ཀྱི་ནང་ལོགས་སུ་མ་ཐུག་པ་བྱེད་དགོས། ཁ་རས་བཙོག་པ་ཆགས་པ་དང་། བཟོ་ལྟ་གྱུར་པ། རལ་པ། དྲི་མ་ཁ་སྐབས་དུས་ཐོག་ཏུ་བརྗེ་དགོས།

(གཉིས)ཁ་རས་ཉར་ཚགས་དང་། གཙང་འཁྲུས། དུག་སེལ་བཅས་བྱེད་སྟངས།

1.ཁ་རས་ཡང་བསྐྱར་སྤྱོད་དགོས་ཚེ། ས་ཆ་གཙང་མ་དང་། སྐམ་ཤས་ཆེ་བ། རླུང་འགྲོ་ཡག་པ་བཅས་སུ་འགེལ་བའམ་ཡང་ན་ཁ་རས་རླུང་འགྲོ་ཡག་པའི་ཤོག་ཤུབས་གཙང་མའི་ནང་འཇོག་དགོས། ཁ་རས་ལོགས་སུ་བཞག་སྟེ་གཞན་དང་མ་ཐུག་པ་བྱེད་དགོས་པ་མ་ཟད། ཁ་རས་སུའི་ཡིན་པ་རྟགས་རྒྱག་དགོས།

2.སྨན་སྤྱོད་ཚད་གཞིའི་འགོག་སྲུང་ཁ་རས་འཁྲུ་མི་ཉན་ལ། དུག་སེལ་སྨན་ཆུ་གཏོར་བ་དང་ཚ་པོ་བཟོ་བ་སོགས་བྱས་ནས་དུག་སེལ་བྱ་མི་རུང་།

3.རང་རྔུབ་དྭངས་གསིང་དབུགས་རྔུབ་ལེན་ཡོ་ཆས(ངོ་གདོང་ཡོངས་སུ་ཁེབས་པའམ་ཡང་ན་ཕྱེད་ཀ་ཁེབས་པ)དང་རླུང་འགྲོ་རྣམ་པའི་དབུགས་རྔུབ་ལེན་ཡོ་ཆས་འཁྲུ་སྐབས་གསལ་བཤད་ཡི་གེ་གཞིར་བཟུང་བཀྲུ་དགོས།

4.སྲིང་སྐུད་ཀྱི་ཁ་རས་ལ་དུག་སེལ་བྱ་ཆོག་པ་དང་སྨན་སྤྱོད་ཁ་རས་མ་ཡིན་པ་རྣམས་གསལ་བཤད་ཡི་གེ་གཞིར་བཟུང་ཐག་གཅོད་བྱེད་དགོས།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གཞུང་ཕྱོགས་དྲ་ཚིགས་ནས་དྲངས།